༄༅། །དབང་བསྐུར་ཆོག་རྒྱ་བོད་ཀྱི་མཁས་པ་སོ་སོའི་ཕྱག་བཞེས་དང་བཞེད་པ་མི་འདྲ་བ་རྣམས་གསལ་བར་བྱེད་པ་བཞུགས་སོ།། ༈ དབང་དོན་འདི། ཟུང་འཇུག་གསལ་བ། དཀྱིལ་ཆོག་ཉི་ཤུ་པ་ནས་ཅི་རིགས་བསྡུས། ཅིག་ཤོས་ཡོངས་གྲགས་འདི་རྣམ་སྣང་མངོན་བྱང་ནས་འབྱུང་ ཨུ་དུམ་ཝ་རའི་མེ་ཏོག་སངས་རྒྱས་ལྟར་དཀོན་པ། རྣམ་པར་གཏན་ལ་དབབ་པའི་རྒྱལ་པོའི་མདོར་ཀུན་དགའ་བོར་གསུངས་ཤིང། རྟོགས་བརྗོད་དང། མདོ་སྡེ་བསྐལ་བཟང་ལས་ འདིའི་འོག་བསྐལ་བ་དྲུག་ཅུ་མུན། །དེ་ནས་སྙན་པ་ཆེན་པོར་སངས་རྒྱས་ཁྲི། མུན་བསྐལ་ཁྲི། ཞེས་གསུངས། སངས་རྒྱས་ལས་གསང་སྔགས་དཀོན་པ། གསང་སྔགས་ མྱ་ངན་མི་འདའ་ཏེ་འཆི་མེད་གོ་འཕང་ཐོབ་ནུས། ཚེ་གཅིག་ལ་སངས་རྒྱ་བའི་ སྒྱུ་ལུས་དང། འོད་གསལ། ྾ སྟོང་ཕྱོགས་ སྣང་ཕྱོགས་ ཆེ་བའི་རྫོགས་རིམ་ ྾ ྾ ཟུང་འཇུག་ ཐབས་ [334A]༄༅། །མེད་གཟུགས་སྐུའི་ དེ་དང་མཉམ་དུ་རྣམ་སྣང་སོགས་སྤྲུལ་སྐུའི་ པ་། མངོན་དུ་འགྱུར་པ། དེའི་དྲི་མ་སྦྱོང་ཐབས་ རྒྱུད་སྡེ་ འོག་མར་ །གང་ཞེ་ན་ གང་གི་ན། ། ཕར་ཐེག་མགོ་ལག་གཏོང་བ་སོགས་ འདོད་པའི་ ལོངས་སྤྱོད་ལ་རིས་སུ་བཅད་པའི་ ྾ ྾ སྔགས་ [334B] ཐེག་ཆེན་ གསང་སྔགས་ནི། བྱང་ཆུབ་འབྱུང་བའི་རྒྱུའི་གཙོ་བོ་ཡིན་པས་ འབྱུང་བ་ཆེ་བ་ཡིན། འབྲས་བུ་སྐུ་གསུམ་འགྲུབ་པའི་ ྾ དེར་དོང་བ་སྟེ་ཞུགས་པས་ སྐལ་བ་དྲུག་ལྡན་ནམ། ། ༈ ཀྱེ་རྡོར་དཀྱིལ་ཆོག་བཟང་པོ་ཡོངས་གཟུང་མི་ཐུབ་ཟླ་བས་མཛད། གདན་གཞིའི་དཀྱིལ་ཆོག་སྙིང་པོ་མདོར་བསགས་འཕགས་པ་ལྷས་མཛད། ༈ རྡོར་ཕྲེང་ལས། ཙན་དན་ ག་བུར་གླ་རྩི་ཡི། །ཆུ་ཡིས་ཀྱང་ནི་ཁྲུས་བྱས་ཏེ། །དད་པའི་ཆུ་ནི་འཆང་བ་ཡིས། །སེམས་ཀྱི་དྲི་མ་རྣམ་པར་འཁྲུད། །ཅེས་ཕྱིའི་ཁྲུས་དང་ནང་གི་ཁྲུས་གཉིས་དང། རྩེ་མོ་ལས་ ཉིན་རེ་བཞིན་དུ་ཅི་ནུས་པར། །ཁྲུས་བཞི་དག་ནི་རྟག་ཏུ་བྱ། །ཞེས་་སྡོམ་པར་ཉེས་པས་མ་གོས་པ་ནང། ་བཤགས་པ་དང་གསོལ་འདེབས་སོགས་གསང་བ། ་ཕྱག་རྒྱ་ [335A]༄༅། །འཆིང་བ་རྣལ་འབྱོར་གྱི་ཁྲུས། ་ཆུས་དྲི་མ་ཁྲུ་བ་ཕྱིའི་ཁྲུས་ཏེ་བཞི། གོས་བརྗེ་བ་ནི། དེ་ཉིད་སྣང་བ་ལས། གོས་བརྗེ་བའང་བྱའོ། །དེ་ལ་སྡོམ་པ་རྣམས་ལ་གནས་ པ་ནི་གོས་དང་པོའོ། །ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ནི་གཉིས་པའོ། །ཕྱིའི་གོས་གཙང་མ་ནི་གསུམ་པའོ།། ༈ །རྨི་ལམ་བཟློག་ཐབས། བགེགས་གཏོར་ནི། གཏོར་མའི་སྒོ་ནས་བཟློག་ པ་དང། ལས་སྔགས་བསངས་ཆུ་གཏོར་བ་ནི། ལས་ཐམས་ཅད་པའི་སྔགས་ཀྱིས་བཟློག་པ། སྤྲོ་ན་བདག་མེད་ཀྱི་དོན་བཤད་ནས་བཟློག་ཐབས་བྱ། འདི་རྡོར་ཕྲེང་ལེའུ་ང་བཞི་ པ་ལས། །རྒྱ་མཚོའི་ནང་ན་ ྾ ཞི་བ་ལྷས། སྡུག་བསྔལ་འདོར་འདོད་ ྾ སྡུག་བསྔལ་ ྾ བདེ་བ་འདོད་ ྾ རང་ གི་དགེ་བ་ ྾ ལས་ཀྱི་རླུང་གི་ས་བསྐྱོད་པའི་སྡུག་བསྔལ་རྦ་ཀློང་འཁྲུག་དེར་ དེ་འདྲའི་ཉོན་མོངས་འདུལ་བའི་ ཡང་ན། [335B] ཡང་ན། སེམས་ཅན་ ཟག་བཅས་འཁོར་བའི་ སྲེད་ལས་ ྾ ལས་གཞན་ ྾ མཛོད་ལས། འདིར་ ྾ ཀླུ་བཞིན་ ྾ ལྟར་དང། བཞི་བརྒྱ་ལྔ་བཅུ་པར། ཀུན་བྱེད་བུམ་པའི་ཆུ་ཡིས་ནི། །ཡོལ་བའི་མཐར་ ནི་བསངས་གཏོར་བྱ། །ཞེས་དང། ཉི་ཤུ་པར། ཤར་གྱི་སྒོ་རུ་བཀུག་ནས་ནི། །བུམ་པའི་ཆུ་ཡིས་ཡང་དག་པར། །བྱས་ཏེ་ཞེས་པ་ལྟར། ལས་བུམ་ཆུས་བསངས། ༈ མིག་དར་ཁ་དོག་དམར་སེར་གང་རུང་དུ་ཕྲེང་བ་དང་ལཱ་བ་པས་གསུངས། དེ་ཉིད་བསྡུས་པ་ལས་དུམ་བུ་སོ་སོར་ཁ་དོག་མི་འདྲ་བ། དུས་འཁོར་ལ། ལས་མཐུན་གྱི་ཁ་དོག་རུང་བར་ བཤད་པས་མ་ངེས། བཞི་བརྒྱ་ལྔ་བཅུ་པར། གོས་དམར་གྱིས་གདོང་གཡོགས་ཞེས་དམར་པོ་གསུངས་པ་ལྟར་ཕྱག་ལེན། དེ་ལ་ལས་སྔགས་བཟླ་བ་ཕྲེང་བའི་དགོངས་པ། འདི་དང་ གོས་སོགས་ཀྱི་སྔགས་བཟླ་བ་ནི་རྫས་དེ་རྣམས་བསྐྱེད་པའི་དོན་ཡིན། འཆིང་སྔགས། ཕྲེང་བ་སོགས་ཙཀྵུ་བནྡྷ་དང། ཉི་ཤུ་པར་ཨོཾ་པྲ་བི་ཤ་ཡིད་མཆོག་ཏུ་བྱ་བ། ཁ་ཅིག་གིས་མ་ [336A]༄༅། །ཡེངས་པར་བཤད་ཀྱང། དབང་དངོས་གཞིར་དེ་བས་ཀྱང་མ་ཡེངས་པར་དགོས་པས་མི་འཐད། དེས་ན་རྣག་སྨིན་ནས་བརྟོལ་ན་ཕན་པ། དཀྱིལ་འཁོར་མཐོང་བའི་སྐལ་ བ་མ་གྱུར་བར་དུ་གདོང་གཡོགས་བཅིངས་ནས་ཡིད་མཆོག་ཏུ་བྱེད་ཅེས། ཨོཾ་པྲ་བི་ཤ་ ྾ དངོས་གྲུབ་ཀུན་གྱི་བདེ་བ་ཉམས་དགའ་བའི། ཐར་པའི་གྲོང་དུ་བཅོམ་ལྡན་བདེ་ཆེན་འཇུག་ མཆོག་ཏུ་བདེ་བ་དམ་པའི་དངོས་གྲུབ་ཀྱི། །ཛཿ་ཧཱུཾ་བཾ་ཧོཿ་རབ་ཏུ་གྲུབ་པར་མཛོད། །ཅེས་དཔལ་མཆོག་ཏུ་བསྒྱུར་ཡོད། རེ་ཞིག་དཀྱིལ་འཁོར་གྱི་གསང་བ་མཐོང་བ་དགག་པ་དང་ ལཱ་བ་པས། སློབ་མ་དབང་པོ་ཐ་འབྲིང་ལ་ཡེ་མི་མཐོང། རབ་ལ་ཅུང་མཐོང་བར་བཅིངས་པར་གསུངས་ཤིང། སྦས་དོན་ཀུན་གསལ་དུ། དར་ནི་མི་གསལ་མཚོན་པ་སྟེ། །བཀབ་ པ་གསང་བ་མཚོན་པའོ། །ཞེས་པ་དྲངས་ནས་གསུངས། ཨོཾ་སརྦ་ ྾ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །བླ་ན་མེད་པའི་བྱང་ཆུབ་རྒྱན། །གོས་ཀྱི་མཆོད་པའི་སྤྲིན་གྱི་ནི།། རྒྱ་མཚོ་འཕྲོ་བ་དམ་ཚིག་གོ་རྡོ་རྗེ་བསྲུང་བ་ཞེས་པ། ཐོན་པ་མཁས་བཙུན་པའི་དུས་འཁོར་དཀྱིལ་འཁོར་བཤད་པར། བག་ཡོད་གོས་ཀྱིས་བག་མེད་ལས་བསྲུང་བའི་དོན་དུ་བཤད་ [336B] ལྷའི་ཆས་འཇུག་དགེ་སློང་གི་ཆོས་གོས་ལྟར་དྲན་པ་གསོ་བྱེད་དང། རྒྱལ་པོ་སོགས་མཇལ་བའི་ཚེ་གཟབ་འཆོར་བྱེད་པ་ལྟར། སྨད་གཡོག་དམར་པོའམ་གཞན་གང་རུང་ ཞེས་ཕྲེང་བ་ལས་གསུངས། རྡོ་རྗེ་འབྱུང་བ་ལས། རས་དམར་པོའི་སྟོད་གཡོག་སྨད་གཡོག་ལ་རྡོ་རྗེ་བསྲུང་བའི་སྔགས་བཟླ་བར། ཤིནྟི་པས་ཁ་དོག་དེ་བཞིན་དང། དུས་འཁོར་ལས་ སྣ་ཚོགས་པའི་སྨད་གཡོགས། སེར་པོའི་སྟོད་གཡོགས། དམར་པོའི་གཙུག་ཏོར་བྱ་བར་གསུངས། དེ་ནས་མེ་ཏོག་ཕྲེང་བ། རིགས་ལྔའི་ས་བོན། ནམ་མཁའི་དཔའ་བོ། དགོས་ པ་ཕྱག་རྟེན་ཡིན་ཏེ། སྦྱོང་རྒྱུད་ལས། རབ་ཞི་ཁ་ནས་སྔགས་ཟློས་གཞུག་པར་བྱ། །དར་ལ་སོགས་པས་མིག་གཉིས་གཡོགས་ནས་ནི། །རྡོ་རྗེ་འཛིན་དཔལ་པད་མར་ལག་གཉིས་བྱ།། མེ་ཏོག་རིན་ཆེན་ལ་སོགས་དེ་བརྒྱན་ལ། །ཡོན་གྱིས་ལག་པ་བཀང་སྟེ་གཞུག་པར་བྱ། །ཞེས་སོ། །ཕྲེང་བ་སོགས་ལས་སྔར་བཤད་ཆས་འཇུག་རྒྱས། ཤིནྟི་པ། བྷ་བ་བྷ་དྲས་སྨད་ གཡོགས་མ་གཏོགས་པའི་ཆས་དང། མར་མེ་མཛད་བཟང་པོ། ས་ར་ཧ། ནག་པོ། ཀླུ་བྱང་སོགས་མང་པོས་མིག་དར་དང་འཕྲེང་བ་ཙམ་ལས་གཞན་མ་གསུངས། ལས་ཀྱི་རྡོ་ [337A]༄༅། །རྗེས་སྟེར་བར་མོས། ཕྲེང་བར་སློབ་མ་གཙོ་དང་རྣམ་སྣང་དུ་བསྐྱེད་པ་གདམ་ང། ཉི་ཤུ་པར་མི་གསལ། ཟུང་འཇུག་གསལ་བ་དང། ངག་དབང་གྲགས་པས་རྣམ་ སྣང་བསྐྱེད་པར་གསུངས། དེའི་ཐུགས་ཀར་རྡོ་རྗེ་ལ་གནས་པའི་ཉི་མའི་སྟེང་སློབ་མའི་སེམས་དང། ཐུགས་རྡོ་རྗེ་དབྱེར་མེད་ཀྱི་ངོ་བོ་ཧཱུཾ་ཡིག་ནག་པོ། དེ་རིགས་འགྲེ། འོད་ཟེར་ འཕྲོས་ནས་ལུས་ཀྱི་ནང་ཁེངས། སྒོ་གསུམ་གྱི་སྡིག་སྒྲིབ་དང། ཐ་མལ་གྱི་རྣམ་རྟོག་རྣམས་སྦྱངས་ནས་སྒོ་གསུམ་སྐུ་གསུམ་དང་དབྱེར་མེད་ཀྱི་དག་སྣང་བསྐྱེད་དུ་གཞུག་ཤིནྟི་པ་ དང་ཉིན་འབྱུང་གཉིས་ཀྱིས་སྐབས་འདིར་མིག་སོགས་སྐྱེ་མཆེད་བྱིན་རླབས་བྱ་བར་གསུངས་པ་རྒྱས་བསྡུས་ཀྱི་ཁྱད་འདྲ། ཕྲེང་བར་ལྷར་བསྐྱེད་ནས་ཆས་འཇུག་མཛད། ཟུང་འཇུག་ གསལ་བར་མིག་དར་བཅིངས་རྗེས་ལྷར་བསྐྱེད་པ་དང། དེ་ནས་མེ་ཏོག་ཕྲེང་བ་སྟེར་བར་གསུངས་པས་གོ་རིམ་མི་འདྲ་བ་མང། ༈ ཉི་ཤུ་པ། ཟུང་གསལ། ད་ རི་ཀ་པ། ཕྲེང་བ་སོགས་མང་པོ་ལས་བྱུང་བ་ནི། སྡོམ་འབྱུང་ལས། ཀྱེ་ཁྱོད་སུ་ཞེས་དྲི་བྱ་སྟེ། །བདག་སྐལ་བཟང་ཞེས་བརྗོད་དང་ལྷན། །ཞེས་པའི་དགོངས་པ་ལྟར། སྐལ་ [337B] ས་ར་ཧའི་དཀྱིལ་ཆོག་ཏུ་རྒྱལ་བའི་སྲས་ཞེས་འབྱུང་བ་ལྟར་བྱང་ཆུབ་སེམས་དཔའ་ལ་བྱེད་དེ། རྩེ་མོ་ལས། བདག་གི་བུ་ལའང་མ་ཆགས་པའི། །ཉན་ཐོས་རྣམས་ནི་ སྐལ་པ་ངན། །སེམས་ཅན་ཐམས་ཅད་བདེ་མཛད་པའི། །སྐལ་བཟང་ཕྱག་ན་རྡོ་རྗེ་དཔལ། །ཞེས་པ་ལྟར་དང། དགོས་པ་འདྲི་བ་འདི། ལཱ་བ་པ། མཉམ་སྦྱོར་དཀྱིལ་ཆོག་གཉིས་ རིན་ཆེན་ཕྲེང་བ་སོགས་ལས་འབྱུང། དམ་ཚིག་ཅེས་པ་འདོར་མི་རུང་བ། ༈ ཀླུ་བྱང། ནག་པོ་སོགས་མང་པོས་གསལ་ཁ་མེད། མར་མེ་མཛད་ཀྱིས་ རྣལ་འབྱོར་སེམས་ནི་ཡང་དག་བསྐྱེད། །སྙིང་ཁར་རྡོ་རྗེ་སྙིང་པོ་བསམ། །ཞེས་དང། འཕྲེང་བ་གསུངས་པ་ལྟར་བསྐྱེད། དཔལ་མཆོག་ལས། གང་ཞིག་བསྐྱེད་པ་ཙམ་གྱིས་ནི།། སངས་རྒྱས་ཉིད་དུ་དོགས་མེད་པའི། །བྱང་ཆུབ་སེམས་ནི་བཏང་མི་བྱ། །ཕྱག་རྒྱ་རྡོ་རྗེ་གང་ཡིན་པའོ། །ཞེས་པའི་ཡང་དགོངས་པའོ། །སློབ་སྤྲིངས་ལས། གང་གི་ལྟོར་མ་ཉལ་བའི་ སེམས་ཅན་དེ་མེད་ན། ྾ བསླབ་བཏུས་ལས། ཉོན་མོངས་ཀྱིས་སྨྱོ་གཏི་མུག་ལྡོངས། །གཡང་ས་མང་པོའི་ལམ་དུ་ནི། །གོམ་པ་རེ་རེས་རྡེག་འཆའ་བ། །བདག་དང་གཞན་རྟག་མྱ་ [338A]༄༅། །ངན་གཞི། །འགྲོ་བ་རྣམས་ནི་སྡུག་བསྔལ་མཚུངས། །དོན་དམ་བྱང་སེམས། རྒྱན་ལས། རྫོགས་པའི་སངས་རྒྱས་རབ་མཉེས་བྱ། །བསོད་ནམས་ཡེ་ཤེས་ཚོགས་ རབ་བསགས། །ཆོས་ལ་མི་རྟོག་ཡེ་ཤེས་ནི། །སྐྱེ་ཕྱིར་དེ་ནི་དམ་པ་འདོད། །འདུས་པ་ཕྱི་མར། ཐབས་དང་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་ཞེས་ནི་བྱ་བར་བཤད། །ཟླ་ བ་རྡོ་རྗེ་རྣམ་པར་བསྐྱེད་པ་དཀྱིལ་ཆོག་ཕལ་མོ་ཆེར་མི་གསལ། བོད་ཁ་ཅིག་རྡོ་རྗེ་དཀར་པོ་རྩེ་ལྔ་པ་གཅིག་པུ་དང། ཁ་ཅིག་ཟླ་བ་རྡོ་རྗེར་བསྒོམ་པ་ལས་ཕྱི་མ་འཐད། ཤིནྟི་པས་ བསྐྱེད་པ་ཙམ་ནི་བྱང་ཆུབ་ཏུ་སྨོན་པ་ལས་སམ། འཇུག་པ་ལས་ཏེ་སྙིང་ཁའི་ཟླ་བར་རྡོ་རྗེ་རྣམ་པར་རོ། །འཇིག་རྟེན་པའི་སྲོལ་ལྟར་རྟེན་འབྲེལ་བསྒྲིགས་པ་ཡིན་པས་འདི་རྗེས་ཟློས་བྱ་ ཨོཾ་སརྦ་ ྾ ཐམས་ཅད་རྣལ་འབྱོར་གྱི་སེམས་ཉེ་བར་བསྐྱེད་པར་བགྱིའོ། །ཨོཾ་སུ་ར་ཏེ་ ྾ ཆོས་ཉིད་དང་སེམས་ཅན་གྱི་དོན་ལ་ཤིན་ཏུ་དགའ་བའི་དམ་ཚིག་དང་ལྡན་པ་ཁྱོད་ཀྱིས་ཇི་ ལྟར་དཀའ་སྤྱད་སྤངས་པའི་སྒོ་ནས་བདེ་བར་རྡོ་རྗེ་སངས་རྒྱས་བསྒྲུབ་པར་བྱའོ། །བླ་མའི་ཐུགས་ཀ་ནས་རང་འདྲ་ཆད་བསྟིམ་བྱ། ༈ [338B] བདེ་རོལ། ཀྱེ་རྡོར། སྐྱིད་ཤོད་དབང་ཊིཀ་སོགས། སློབ་མའི་མགོ་བོར་རྡོ་རྗེ་འཇོག་པར་གསུངས། སྔགས་རིམ་དང། དབང་དོན། རིན་ཕྲེང་སོགས་ལས་ སྔར་རྡོ་རྗེ་སྙིང་ཁར་རེག་པའི་རྒྱུན་ཉིད་ལས་མགོ་བོར་འཇོག་པའི་གསལ་ཁ་མེད། འདི་རྒྱལ་པོའི་ནང་མར་ཚུད་པ་ལ་གསང་བ་ཐུབ་པ་དགོས་པ་ལྟར་ཡིན་ཞེས་མཁས་པའི་གསུང་རྒྱུན་ ༈ གསུང་རྒྱུན་ལ་ལས་ཀྱི་རྡོ་རྗེའི་ཕྱག་རྡོ་རྗེ་ལ་འཇུས་ནས་འཁྲིད་པའམ། གཙོ་བོའི་ཐུགས་ཀའི་འོད་ཀྱིས་བཀུག་ནས་སྒོའི་ནང་དུ་ འཇུག་པ་གང་བྱས་ཀྱང་འདྲ། གཞུག་པའི་སྔགས་འདི་འདུས་པ་ལེའུ་བཅུ་དྲུག་པར་དེ་ལ་འདི་ནི་དཀྱིལ་འཁོར་ཆེན་པོར་འཇུག་པའི་རྡོ་རྗེ་དམ་ཚིག་གོ། །ཨཱ་ཁཾ་བི་ར་ཧཱུཾ། ཞེས་འབྱུང་ འདི་ནས་ནང་གི་ལྷ་དང་འདྲ་བའི་ལོངས་སྤྱོད་པའི་སྐལ་བ་ཡོད་པས། ཕྱིའི་སྐལ་མཉམ་ཟེར། ༈ བ་ནི། དཔལ་མཆོག་གི་སྔགས་མ་ཧཱ་ར་ཏ་ ྾ ས་བཟང་པས། དགའ་བ་ཆེན་པོ་ཤིན་ཏུ་བརྟན། །ཤིན་ཏུ་དགྱེས་དང་ཤིན་ཏུ་བདེ། །རྡོ་རྗེ་སེམས་དཔའ་དེ་རིང་ནི། །གྲུབ་པར་མཛོད་ [339A]༄༅། །ཅིག་བདག་ལའོ། །ཞེས་པའོ། འདི་ཉི་ཤུ་པ་སོགས་ལ་མེད། དབང་དོན་དུ་ཡོད་པ་ཕྲེང་བའི་དགོངས་པ། བྱིན་གྱིས་བརླབས་བྱུང་སྙམ་པའི་མོས་པ་བརྟན་པོ་བྱ། དེ་བྱུང་ ན་ལྷ་ཐིམ་པའི་མོས་པ་མ་བྱས་ཀྱང་ཆོག་ཡང་ན་གསོལ་བ་བཏབ་པའི་མཐུས་གཙོ་བོ་མི་བསྐྱོད་པ་ལས་རང་འདྲ་གཉིས་པ་ཆད་ནས་སློབ་མར་ཆད་ནས་ཐིམ་པས་དེ་ལྟར་བྱིན་གྱིས་བརླབས་ པའི་མོས་པ་བྱས་ཀྱང་རུང་སྟེ། སྔ་མ་ཕྲེང་བ་དང། ཕྱི་མ་རྒྱལ་བ་བཟང་པོས། སྙིང་ཁར་བཅོམ་ལྡན་ཞུགས་པ་རུ། །ཡིད་ཀྱི་ཡོངས་སུ་བརྟགས་པར་བྱ། །ཞེས་གསུངས་པ་ལྟར་ རིགས་སོ་སོའི་ལྷ་རེ་ཆད་ནས་ཐིམ་པར་བྱས་ཀྱང་འགལ་བ་མེད། ཅེས་སྔགས་རིམ་ཆེན་མོར་གསུངས། ལས་དང་པོ་བས་དམིགས་པ་བརྟན་ཆེད་དེ་ལྟར་བྱ་བ་ལེགས། ལཱ་བ་པ་ ནག་པོ། ས་ར་ཧས། དང་པོར་ན་མཿ་ཏེ་སོགས་གཙོ་བོ་ལ་ཕྱག་བྱ། དེ་ནས་ཕྱོགས་བཞི་ཕྱག་དང། ཕྲེང་བ་སོགས་ཕྱོགས་བཞིའི་འོག་སླར་ཡང་ཤར་སྒོ་ནས་གུ་རུ་ཙ་ར་ཎ་སོགས་ ཀྱིས་ཕྱག་འཚལ་བ་དང། སྨན་ཞབས་ཀྱིས་བདེན་སྟོབས་བརྗོད་པའི་གོང་དུ། ཏེ་ན་ཧཱུཾ་ཏེ་ན་ཧཱུཾ་ཏེ་ན་ཏེ་ཏོ་ཧཱུཾ། ཞེས་པའི་སྔགས་ཀྱིས་ཕྱག་འཚལ་བ་ཙམ་གསུངས། རྒྱ་གཞུང་མང་པོར་ [339B] ༈ ་ཕན་ཡོན། ་ཉེས་དམིགས། ་དེ་གཉིས་ཀ་་བླ་མའི་བཀའ་ཉན་པ། ྾ སྔགས་སྡོམ་དང་མ་འབྲེལ་ན་དམ་ གཞག་མི་དགོས། གནས་ནི་ལཱ་བ་པས་ཤར་དུ་བྱེད་པར་གསུངས་པ་བཞིན་དབང་ཊིཀ་འགར་ཤར་སྒོའི་ཕྱི་རོལ་དུ་བྱ་གསུངས། ཉི་ཤུ་པར། སེམས་མ་རྡོ་རྗེ་འཛིན་བྱེད་ཅིང། །མེ་ ཏོག་ཕྲེང་རྩར་འཛིན་དེ་ལ། །གནའ་ནི་དང་པོར་བསྒག་པར་བྱ། །དེ་ནས་ཕྱག་རྒྱ་དེ་ཉིད་ནི། །སློབ་མའི་སྤྱི་བོར་བཞག་བྱས་ཏེ། །སླར་ཡང་རྡོ་རྗེ་མནའ་ཡིས་ནི། །འདི་སྐད་བརྗོད་ ཅིང་བསྟན་པར་བྱ། །ཞེས་དང། ཟུང་གསལ་ལས། སེམས་མ་རྡོ་རྗེ་བསྡམས་པ་ཡིས། །མེ་ཏོག་ཕྲེང་བ་མཆོག་བཟུང་ནས། །ས་མ་ཡ་སྟཾ་ཞེས་བརྗོད་དེ། བརྟན་པའི་གནའ་ནི་རབ་ ཏུ་སྦྱིན། །ཞེས་སོགས་ལྟར། སློབ་མས་སྔགས་རྗེས་ཟློས་དང་མཉམ་དུ་སེམས་མ་རྡོ་རྗེ་མའི་ཕྱག་རྒྱའི་རྩེ་མོས་མེ་ཏོག་ཕྲེང་བ་འཛིན་དུ་གཞུག་ས་མ་ཡ་སྟྭཾ། དམ་ཚིག་རྣམས་དང་ལྡན་ པ་ཁྱོད། ཅེས་པ་སྟེ་སྔགས་འདི་རྣལ་འབྱོར་རྒྱུད་དུ་ཕྱག་རྒྱ་བཅིངས་པའི་སྔགས་སུ་གསུངས། སློབ་དཔོན་གྱིས་ཀྱང་ཕྱག་རྒྱ་དེ་སློབ་མའི་སྤྱི་བོར་བཞག་ལ། ཨོཾ་སཏ་ ྾ སེམས་མ་རྡོ་ [340A]༄༅། །རྗེ་མས་བདག་ལ་བྱིན་གྱིས་རློབ་ཏུ་གསོལ། འདི་བརྗོད། འདིར་མཾ་ཡིག་བདག་ཅེས་སློབ་དཔོན་གྱིས་བརྗོད་པར་འབྲེལ་མེད་སྙམ་ན། བདག་མེད་ཅེས་ངོ་བོ་ལ་འཇུག་པའི་ སྐབས་ཡོད་པ། ཡང་ན། ཁྱོད་ཀྱི་སྐད་དོད་ཏེ་དང། འདིའི་སྐད་དོད་ཨ་དས་ཞེས་པ་སྒྲ་བསྒྲུབ་ཀྱི་དབང་གིས་མཱཾ་ཞེས་པར་འགྲོ་བ་ཡོད་འདྲ། ཁྱོད་ལའམ། འདི་ལ་ཞེས་པར་བསྒྱུར་ ཀྱང་རུང་བ་འདྲ། དེ་དག་གི་ ྾ རྡོ་རྗེ་ཡེ་ཤེས་ཏེ་དུས་ གསུམ་ལ་ཐོགས་མེད་དུ་འཇུག་ནས་ཤེས་པའི་ལྷའི་ཡེ་ཤེས་ ཡེ་ཤེས་གང་གིས་ཏེ་དེ་བསྐྱེད་པའི་ཕན་ཡོན་ནི་ ྾ དཀྱིལ་འཁོར་མ་མཐོང་བ་ སྟེ་ཆོ་ག་བཞིན་དུ་བཅུག་ནས་དབང་གིས་སྨིན་པར་མ་བྱས་པའི་སྣོད་མིན་ལ་ ྾ ཚིག་ཉམས་པ་སྟེ་ཚེ་འདིར་ནད་དང། ཕྱི་མར་ངན་འགྲོར་ལྟུང་བར་འགྱུར། ཞེས་པ་ཤཱཀྱ་ བཤེས་གཉེན་གྱི་བཤད་ཚུལ། ཀུན་སྙིང། རིགས་དེར་ [340B] རྗེ་ཡེ་ཤེས་ནི་ས་དང་པོ་རབ་དགའ་སོགས་ཀྱི་ཡེ་ཤེས། དེ་ དུས་ནམ་གྱི་ཚེ་བྱས་ན། ཡེ་ཤེས་ཕབ་པའི་ཚེ་ཡིན་པར་དེ་ཉིད་བསྡུས་པའི་སྟོད་ འགྲེལ་ལས་གསུངས། ཡེ་ཤེས་དེའི་ཁྱད་པར་ནི། བཤད་དོ།། དམ་བཞག་འདིར། ལཱ་བ་པ། མི་ཐུབ་ཟླ་བས་སློབ་མའི་ལག་པ་ནས་བཟུང་བར་གསུངས། བོད་ཀྱི་བླ་མ་དག་མགོ་བོར་རྡོ་རྗེ་འཇོག་འདུས་པའི་སྐབས་འདིར་སྔར་ བཤད་པའི་ཕྱག་རྒྱ་སྤྱི་བོར་འཇོག་པའོ།། ༈ ྾ ལུས་ལ་འབྱུང་བ་གསང་བ་མི་སྒྲོག་པ་ ྾ སེམས་ལ་ འབྱུང་བ། ཨོཾ་དེ་རིང་ ྾ ཚིགས་བཅད་འདི་དེ་ཉིད་བསྡུས་པ་ལས་ཀྱང་འབྱུང། སློབ་མ་ཉིད་ནས་སྒོ་ [341A]༄༅། །ཕྱག་སོགས་ཀྱི་ཚེ་གསོལ་བ་བཏབ་པས། དེ་བཞིན་གཤེགས་པས་བྱིན་གྱིས་རློབ་པའི་ཚུལ་གྱིས་ཞུགས་པ། ཕྲེང་བ། སྔགས་རིམ། རིན་ཕྲེང་སོགས་ལས་ཉེས་དམིགས་ དང་པོར་མགོ་བོར་རྡོ་རྗེ་བཟུང་ནས་དྲིལ་བུ་དཀྲོལ་བ་དང། གཉིས་པའི་ཚེ་སྙིང་ཁར་རྡོ་རྗེ་བཟུང་བར་གསུངས། ཀུན་རིག་ཊིཀ་ཆེན་ལས། མགོ་བོར་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་ཁ་ ཐུར་དུ་བསྟན་པ་དང་གྱེན་དུ་བསྟན་པའམ་རྡོ་རྗེ་བཟུང་ལ། ཞེས་དང། གཉིས་པའི་ཚེ་སེམས་མ་རྡོ་རྗེ་མའི་ཕྱག་རྒྱའམ། རྡོ་རྗེ་སྙིང་ཁར་བཟུང་བ་སོགས་ཕན་ཡོན་ཉེས་དམིགས་དམ་ གཞག་འདི་གཉིས་རྩ་ལྟུང་བདུན་པའི་སྟེ། དབང་གིས་མ་སྨིན་པར་རྒྱུད་སྡེ་བཞི་ཀ་གོང་མའི་དབང་མ་ཐོབ་ན་གོང་མ་གསང་དགོས། བུམ་དབང་ཙམ་ཐོབ་པ་རྫོགས་རིམ་གསང་དགོས་ པ་སོགས། སཾ་བཧུ་ཊར། གླེགས་བམ་དང་ནི་བྲིས་སྐུ་ཉིད། །གལ་ཏེ་སྐལ་བ་མེད་མཐོང་ན། །སྐྱེ་བ་འདིར་ནི་འགྲུབ་མི་འགྱུར། །འཇིག་རྟེན་ཕ་རོལ་སྤྱོད་ཡུལ་མིན།། ༈ པ་དེ་གཉིས་ཀ་རྩ་ལྟུང་སྤྱི་ལ་དམ་གཞག་ཉི་ཤུ་པར། དེ་ཚེ་རྡོ་རྗེ་ཆུ་དུང་ཆེན། །གནས་ཤིང་ཡིག་གསུམ་འདུས་བྱས་པ། །དེ་བླངས་མནའ་ཡིས་འཐུང་དུ་གཞུག་འདི་ནི་ཁྱོད་ཀྱི་ [341B] ྾ རྣམ་བུམ་སྟེང་གི་དུང་ཆོས་ཆུ། རྡོ་རྗེ་སྟེ་ཚར་ གཅོད་པར་བྱེད་པ་དང། ཅེས་པ། རིན་ཆེན་བང་མཛོད། བདེ་ཆེན་རོལ་མཚོར་མནའ་ཆུ་ཐོད་ པར་གནས་པའི་བདུད་རྩི་ལྔས་བྱ་བ་དང། རིན་ཆེན་ཕྲེང་བར། ཙན་དན་དང་ག་བུར་བསྲེས་པའི་དྲི་ཆུ་ལ། སྔགས་འདིས་ལན་བདུན་བསྔགས་ནས་སྟེར། སྡོམ་འབྱུང་ནས། ཅི་ སྟེ་དངོས་གྲུབ་མཆོག་འདོད་ན། །སྲོག་ནི་ཡོངས་སུ་གཏོང་ཡང་སླ། །འཆི་བའི་དུས་ལ་བབས་ཀྱང་སླའི། །རྟག་ཏུ་དམ་ཚིག་བསྲུང་བར་བྱ། །ཞེས་སོ།། ༈ བཀའ་ཉན་ ྾ ཉི་ཤུ་པར། འབད་པས་ལག་པ་ནས་བཟུང་སྟེ། །ཚིག་གསལ་སྨྲ་ཞིང་འདི་སྐད་དུ། །མནའ་སྔོན་འགྲོ་བས་སྒྲོག་པར་བྱ། །ཞེས་དང། ཟུང་གསལ་ལས་ཀྱང་དེ་ དང་འདྲ། སློབ་མའི་ལག་པ་ནས་བཟུང་སྟེ། ཡམས་དང་ཉེར་འཚེ་ནད་རྣམས་དང། །གདོན་དང་རིམས་དང་དུག་གིས་ཀྱང། །བླ་མའི་ [342A]༄༅། །ཞབས་ལ་སྨོད་པ་ཡི། །རྨོངས་ཆེན་དེ་ནི་འཆི་བར་འགྱུར། །རྒྱལ་པོ་མེ་དང་སྦྲུལ་གདུག་དང། །ཆུ་དང་མཁའ་འགྲོ་རྐུན་པོ་དང། །གདོན་དང་ལོག་འདྲེན་རྣམས་ ཀྱིས་ཀྱང། །བསད་ནས་སེམས་ཅན་དམྱལ་བར་འགྲོ། །ཞེས་དང། གུར་གྱི་ལེའུ་བརྒྱད་པ་ལས། གཡོ་དང་སྒྱུ་ཡི་རབ་སྦྱོར་བས། །བསྙེན་བཀུར་ལོག་པས་གསལ་བྱེད་ན། །གློ་ ཁྲག་མཛེ་ནད་ནད་ཆེན་གྱིས། །ཤི་ནས་དམྱལ་ལ་སོགས་པར་འགྲོ། །ཞེས་སོ། །འདི་དང་རྩ་ལྟུང་བདུན་པ་ལ་དམ་གཞག་དམིགས་བསལ་མཛད། ༈ བརྗོད་པ། རྩ་རྒྱུད་ལེའུ་བཅོ་ལྔ་པར། དེ་ནས་སྟོན་པ་རྡོ་རྗེ་འཛིན། །གཙོ་བོ་ཆོས་རྣམས་ཀུན་དབང་ཕྱུག་སྐུ་དང་གསུང་ཐུགས་ཡོངས་དག་པས། །ཡེ་ཤེས་རྡོ་རྗེ་བཀའ་སྩལ་ཏོ།། ཞེས་སོགས་ཀྱིས་ཡེ་ཤེས་པ་འབེབས་ཚུལ་རྒྱས་པར་བསྟན། སྣོད་ལ་དབབ་པ་དང། སློབ་མ་ལ་དབབ་པ་གཉིས། དང་པོ། ཁྱེའུ་དང་བུ་མོ་ལོ་བཅུ་གཉིས་པ་གྲོང་ཆོས་མ་གོས་ཤིང་ དབང་པོ་ཚང་བ་ལ་དབབ་པར་རྩ་རྒྱུད་ལས་གསུངས། བླ་མ་ནུས་ལྡན་གྱིས་རྒན་པོ་སོགས་གཞན་ལ་འབེབས་ནུས་པ་རྒྱུད་གཞན་ལས་གསུངས། དེའི་སྔོན་དུ་བསྙེན་པ་དང་ལྷའི་རྣལ་ [342B] ཡེ་ཤེས་པ་རྒྱུད་ནས་བཤད་ཚོད་བཞིན་འབེབས་པར་སྤྱོད་པའང་སྔོན་དུ་འགྲོ་དགོས་པ་རྒྱུད་འགྲེལ་བ་བཅས་དང། མཆན་ལས་གསུངས། ཕྲེང་བའི་སྐབས། མི་ནུས་ པས་འབེབས་ཆོག་མ་བྱས་པར་དམ་ཚིག་གི་ཆུ་སྦྱིན་པའི་འོག་སྣང་བ་འདྲི་བ་སོགས་བྱ་ཞེས་འཆད་དོ་ཞེས་གཞན་ལུགས་བཀོད་པ་དང། ཟུང་གསལ་ལས། ནུས་པ་ཐོབ་ན། ཀླུ་བྱང་ གིས་ཆོ་གས་དབབ་སྟེ། དེས་ན་འདིར་མ་སྨྲས་སོ། །ཞེས་ཀྱི་ཚིག་ནུས་ལ། ནུས་པ་མ་ཐོབ་ན་འབེབས་ཆོག་མ་བྱས་ཀྱང་རུང་བ་ལྟ་བུ་གསུངས་ཀྱང། ཀླུ་བྱང་དང། ཕྲེང་བ་རང་ ལུགས་སོགས་ཚད་ཐུབ་རྣམས་ཀྱིས་འབེབས་ཆོག་བྱ་བར་གསུངས་པ་ལྟར། གསོལ་འདེབས་འདི། དེ་ཉིད་བསྡུས་པ་ལས་གསུངས། ཉི་ཤུ་པར། སྤྱི་བོ་ནས་རྐང་པའི་བར། །ལུས་ ཅན་ཁོང་སྟོང་དུ་བསམས་ནས། །དེ་ཡི་འོག་ཏུ་རླུང་དང་ནི། །བཅས་པ་མེ་ཡི་དཀྱིལ་འཁོར་བསྒོམ། །དེ་ཡི་སྟེང་ཡི་གེ་ཛྷཻ། ཁ་དོག་དམར་པོ་རྣམ་པར་བསྒོམ། །དེ་བྱུང་འོད་ཟེར་ ཚོགས་ཀྱིས་ནི། །བརྟུལ་ཞུགས་ཅན་གྱིས་ལུས་པོ་སྦྱངས། །དེ་ལྟར་འོད་གསལ་བར་བྱས་ནས། །ལྡང་བར་བྱ་ཕྱིར་མཁས་པ་ཡིས། །སྣོད་ཀྱི་སྙིང་མགྲིན་མགོ་བོ་ལ། །ཧཱུཾ་ཨཱ་ཧཱ་ཞེས་ [343A]༄༅། །བྱ་བ་དགོད། །དེ་བཞིན་གཤེགས་པ་དབབ་དོན་དུ། །འབབ་བྱེད་ཕྱག་རྒྱ་བཅས་ནས་ནི། །སྣོད་ཀྱི་སྙིང་ཁར་བཞག་བྱས་ཏེ། །གསང་སྔགས་འདི་ནི་བརྗོད་པར་བྱ།། ཞེས་པ་ཙམ་ལས་མ་གསུངས་ཀྱང། ལེའུ་བཅོ་ལྔ་པ་རྩ་འགྲེལ་ལས་རྒྱས་པར་གསུངས་པ་ལྟར་དབང་དོན་དུ་འགོད་པར་མཛད། དེ་ཡང་རྩ་རྒྱུད་དུ། རྡོ་རྗེ་ཆོས་ཀྱི་གཟུགས་ཆེན་པོ།། པདྨ་ར་གའི་འོད་འདྲ་བ། །ཞེས་འོད་དཔག་མེད་དུ་བསྐྱེད་པར་གསུངས། དིར་མངོན་བྱང་ལྔ། ་སྟོང་པ་བསྒོམ་པ། ་ཟླ་བ། ་པདྨ་བསྐྱེད་པའི་ས་བོན། ་པདྨ། ་ འོད་དཔག་མེད་ཀྱི་གཟུགས་རྫོགས་པ། དེ་ནས་རྩ་རྒྱུད་ལས། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལ། །གནས་གསུམ་དུ་ནི་རིགས་བརྟག་གོ་ཞེས་པའི་དགོངས་པར་སྤྱི་བོར་ཧཱ་སོགས། འོད་ ཟེར་རང་མདོག་འཕྲོས། རྡོ་རྗེ་གསུམ་སྤྱན་དྲངས། ལུས་ཀྱི་ནང་དུ་ཐིམ། ཕྲུ་མ་ཕུས་བརྒྱངས་པ་ལྟར་ཁོང་སྟོང་དུ་གྱུར། མེ་དཀྱིལ་དམར་པོ་གྲུ་གསུམ། ལུས་ཐམས་ཅད་ཤེལ་གོང་ གཡའ་དག་ལྟར་སྦྱངས། ཡེ་ཤེས་སེམས་དཔའ་སྣང་མཐའ་རིམ་གྱིས་འོད་གསལ་བར་ཞུགས་པའི་མོས་པ་བྱ། འདི་ལ་ཕྱིས་ཀྱི་མཁས་པ་ཁ་ཅིག་ལྷན་ཐབས་ལ། རང་གི་རྣམ་པར་ [343B] དེས་ན་སླར་སྣང་མཐའི་ངོ་བོར་བཞེངས་མི་དགོས་པར་འགྱུར་བའི་ཕྱིར་ཏེ། རྣམ་ཤེས་ཙམ་ལས་སྣང་མཐའ་འོད་གསལ་དུ་མ་ཞུགས་ པའི་ཕྱིར། ཞེས་གསུངས། ཁ་ཅིག་དེ་ནི་སྡང་ཞུགས་ཙམ་སྟེ། སྟོང་ཉིད་རང་སེམས་ཀྱིས་རྟོགས་ན། རང་ཉིད་ཀྱིས་མ་རྟོགས་པ་འགལ་བས། རང་གི་རྣམ་ཤེས་འོད་གསལ་དུ་ མཉམ་པར་གཞག་ན་རང་ཉིད་དེ་ལྟར་མ་གཞག་པ་འགལ་བའི་ཕྱིར། ཞེས་དགག་འདིས་སྣང་མཐའ་འོད་གསལ་དུ་སྦྱང་མི་དགོས་པར་འདོད་པ་འདྲ་བས། མཆན་བུ་ལས་སྔར་ལྟར་ འབྱུང་བ་དང་འགལ། དེ་ལྟར་རིལ་འཛིན་གྱི་བསམ་གཏན་གྱིས་སྦྱངས། དེ་གསུམ་ལ་བདེ་བ་ཆེན་པོས་ སློབ་དཔོན་གྱིས་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་སློབ་མའི་སྙིང་ཁར་བཞག་སྟེ་ ྾ སྔགས་དོན་རྡོ་རྗེ་ཀུན་ཏུ་ཕོབ། ཅེས་སོ། །དེས་མ་ཕེབས་ན་མངོན་བྱང་ལྔས་རྡོ་རྗེ་འཆང་དུ་བསྐྱེད་ སྔར་དང་འདྲ་བ་ལས། ཨཱ་འི་ཚབ་ཨོཾ་ཨཱ་ཧཱུཾ་ལ་བྱེད། དེ་ཞེ་སྡང་རྡོ་རྗེ་བསྒྱུར། དེའི་ཡན་ལག་ཐམས་ཅད་ནས་ཨཿ་དམར་པོ་ཉི་འོད་ལྟར་འཕྲོས་པས་གནས་གསུམ་གྱི་རྡོ་རྗེ་གསུམ་སྔར་ [344A]༄༅། །བཞིན་བསྐྱེད་པ་བསྐུལ་ནས་སྙོམས་པར་ཞུགས་པའི་སྦྱོར་མཚམས་ཀྱི་བདུད་རྩིས་ཁེངས་པར་མོས་ལ། ཨ་བེ་ཤ་ཡ་སྟྭཾ་བྷ་ཡ་ར་ར་ར་ར་ཙཱ་ལ་ཡ་ཙ་ལཱ་ཡ་ཧཱུཾ་ཧཿ་ཨཿ་ཛྷཻ། ཕོབ་ ཅིག་རེངས་པར་གྱིས་རེངས་པའི་སྔགས་གཡོ་བ་གཡོ་བ་ཞེས་བརྗོད། སྤོག་ཆོག་འདི་རྩ་རྒྱུད་ལེའུ་བཅུ་དྲུག་པར་གསུངས། རྩ་རྒྱུད་ལེའུ་བཅོ་ལྔ་པར། བསྐུལ་དང་རེངས་དང་ལྷ་ཆེན་པོ།། ཞེས་པའི་རེངས་པ་ནི་སློབ་མ་ཐ་མལ་པའི་རྣམ་རྟོག་གིས་མི་གཡོ་བར་འོད་དཔག་མེད་སོགས་ལྷའི་ང་རྒྱལ་བརྟན་པོ་དགོས་པའི་དོན་ཡིན། བབས་པའི་རྟགས། རྩ་རྒྱུད་ལས། འགུལ་ བ་དང་ནི་གཡོ་བ་ཡིན། །ཞེས་དང། ཁྲུ་གང་ཙམ་མམ་ཁྲུ་དོའམ། །ཁྲུ་བརྒྱད་ཙམ་མམ་ལྔ་ཙམ་དུ། །རྡོ་རྗེ་སེམས་དཔའ་རབ་བསྐུལ་ནས། །འཇིགས་ཤིང་སྐྲག་ནས་འཕར་བར་འགྱུར་ ཞེས་དང། ཀླུ་བྱང་གིས། སྙིང་འདར་དགའ་བ་ཆེ་བ་དང། །བརྒྱལ་བ་དང་ནི་གར་བྱེད་དང། །འགྱལ་དང་གྱེན་དུ་འཕར་བ་ནི། །བབས་པའི་མཚན་མ་ཉིད་དུ་ཤེས། །ཞེས་སོ།། འདིར་ཉི་ཤུ་པར། ཡི་གེ་བརྒྱ་པས་བརྟན་བྱས་ཏེ། །ཞེས་པ་ལྟར་ཡིག་བརྒྱ་བརྗོད། བཞི་བརྒྱ་ལྔ་བཅུ་པ་དང། དེའི་འགྲེལ་པར་ཤིནྟི་པས་སྙིང་ཁར་ས། མགྲིན་པར་ཆུ། སྤྱི་བོར་ [344B] རྐང་འོག་ཏུ་ཕྲེང་བ་ལྟར་གསུངས། ལཱ་བ་པས། སྤྱི་བོར་ཆུ། སྙིང་ཁར་ས། ལྟེ་བར་མེ་དཀྱིལ་རྣམས་ལ་ཧ་ཧཱུཾ་ཨཱ་གསུམ་གྱིས་མཚན་པ། རྐང་འོག་ཏུ་རླུང་དང་ཛྷཻ་དྲག་ པོ་མེ་འབར་བ་བསྒོམ། ཛྷཻ་འི་མེ་རླུང་གིས་ལྟེ་བའི་བར་དུ་བུམ་པ་དེ་མེ་དང་ཕྲད་ནས་ཤིན་ཏུ་འབར་ནས་བསྲེགས། སྤྱི་བོའི་ཆུ་འཁོལ་ནས་བདུད་རྩི་འཛགས་པས་ཚིམ་བཞིན་པ་དང། རླུང་ གིས་བཏེགས་པར་བསམས་ནས་དབབ་པར་བཤད། རིན་ཕྲེང་དུ་སློབ་མའི་གནས་དང་རྐང་འོག་རྣམས་སུ་འབྱུང་བ་བཞིའི་དཀྱིལ་འཁོར་བསྒོམ་ལུགས་ལ་བ་པ་དང་འདྲ་བར་གསུངས་པ་ དཔལ་འཛིན་གྱི་དགོངས་པ་ཡིན། ལཱུ་དྲིལ་དཀྱིལ་ཆོག་གཉིས་ལས་འབྱུང་བ་བཞི་དང་ཛྷཻ་སྒོམ་པའི་གནས་སོགས་འདྲ་བ་ལ། ཡི་གེ་གསུམ་འགོད་པར་མ་གསུངས། ས་ར་ཧས་ ཐོད་པའི་དཀྱིལ་ཆོག་ཏུ། ཡེ་ཤེས་པ་མ་ཕེབས་ན་སྤོགས་ཆོག་སྙིང་ཁར་སངས་རྒྱས་ཐོད་པ་ཡུམ་ཡུངས་ཀར་ཙམ་པའི་མཁའ་གསང་བསྐྱོད་པའི་འོད་དམར་གྱིས་སློབ་མའི་ལུས་ཀུན་ གང་བར་གསུངས་པ་ནི་མཚོན་པ་ཙམ་ཏེ་གཞན་ལ་འདྲ་ཞེས་སྔགས་རིམ་གསུངས། རིན་ཆེན་བང་མཛོད། བདེ་ཆེན་རོལ་མཚོར་ནང་གི་ཧེ་རུ་ཀ་ཚོན་གང་པ་དང་དེ་གློག་འཁྱུག་པ་ [345A]༄༅། །ལྟར་གང་མཛད་པ་གསུངས་ཏེ་གནད་ཆེ། འབྱུང་བཞི་སྒོམ་པའི་རྒྱུན། ཐོན་པའི་བདེ་མཆོག་དབང་བཤད་ལས་མེ་རླུང་གཉིས། དེ་གཉིས་ས་ཆུ་གཉིས་ཀྱི་རིམ་བཞིན་དགྲར་ གྱུར་ལ། སྙིང་ཁའི་ཧེ་རུ་ཀ་ཡུམ་ནི། འབྱུང་བཞིར་བརྟེན་པའི་སློབ་མའི་སེམས་མཚོན་པའོ། །དེའང་རླུང་གིས་བསྐུལ་མེ་སྦར་ནས་ས་བསྲེགས། ཆུ་བསྐོལ་བས། མེ་རླུང་གཉིས་ལ་ ལྟོས་ཏེ་ས་ཆུ་ཉམས་པར་འགྱུར། དེའི་དབང་གིས་འབྱུང་བཞི་འཁྲུགས་ཏེ། ཧེ་རུ་ཀས་མཚོན་པའི་སེམས་འཕར་བ། སྐྱོ་ཞིང་འདར་བ། སྐྱི་གཡའ་བ་སོགས་འབྱུང། དེའི་ཚེ་ཡེ་ཤེས་ འབེབས་པའི་སྐབས་རྙེད་དེ། དཔེར་ན་པྲ་འབེབས་ན། སེམས་འཕར་བ་དང་སྐྱོ་བ་ལ་བརྟེན་ནས་དེའི་རྐྱེན་དུ་འགྱུར་བ་བཞིན་ནོ། །ཞེས་འབྱུང། བདེ་མཆོག་རྩ་རྒྱུད་འབུམ་པ་ལས་ ཏིཥྛ་མ་ཧ་ ྾ ྾ སོགས་དཔའ་བོ་བསྐུལ་བའི་སྔགས་ཀྱིས་དབབ་པར་གསུངས། དེ་ལྟར་ཡེ་ཤེས་ཕབ་པ་འདི་ལ། ནང་སྐལ་མཉམ་གྱི་ཐ་སྙད་བྱེད། དེ་ནས་ཉི་ཤུ་པར་མི་གསལ་ཡང་ ཟུང་གསལ་དུ། ཁ་དོག་དྲི་བ། བསྐོར་བ་བདེན་པའི་བྱིན་རླབས་བྱ་བར་གསུངས་པ་ལྟར། དཀྱིལ་འཁོར་ལ་ཕྱོགས་པར་བལྟར་བཅུག་འདྲི། བསྐོར་བ་ནི། ཟུང་གསལ་དུ་གཡས་ [345B] ཕྲེང་བ་ལས། འདིའི་མཐེ་བོང་གཉིས་རྡོ་རྗེ་དང་བཅས་པའི་ལག་པ་གཡས་ཀྱིས་བཟུང་སྟེ་རྡོ་རྗེའི་རྐང་སྟབས་ཀྱིས་གར་གྱི་ཚུལ་གྱིས་འཁྱིལ་བ་བརྗོད་ ཅིང་སྐོར་བ་གསུམ་བྱེད་དུ་བཅུག་ནས་བདེན་པའི་བྱིན་གྱིས་བརློབ་པ་འདི་བྱའོ། །ཞེས་དབང་དོན་དུ་བཀོད་པ་ལྟར། བགེགས་མཐར་བྱེད་སྙིང་པོའི་རྗེས་ཟློས་བྱེད། སྐོར་བ་གསུམ་ དངོས་སུའམ་མོས་པ་བྱ། ཚིག་འདི་གསང་བ་སྤྱི་རྒྱུད་ལས་བཏུས། ཟུང་གསལ་ཕྲེང་བ་སོགས་མང་པོར་འབྱུང། བདག་གི་སློབ་མ་ རྣམས་མེ་ཏོག་འདོར་ཆེད་ ཡུན་རིང་ཐུང་སྐལ་པ་མཆོག་དམན་སོགས་ བླ་མས་ཏྲཾ་ཞེས་རིན་པོ་ཆེའི་ཕྲེང་བར་མོས། འདི་ཟུང་གསལ་དུ་མི་གསལ་ཡང། ལ་བ་པ། ཉིན་འབྱུང། ཨ་བྷྱ་རྣམས་ཀྱིས་གསུངས། ཏྲཾ་ནི་རིན་ཆེན་རིགས་ཀྱི་ས་བོན་ཡིན་པའི་ རྒྱུ་མཚན་གྱིས་ཡིན། སློབ་མ་རྣམས་རྣམ་སྣང་བསྐྱེད། ྾ [346A]༄༅། །འདི་རྩ་རྒྱུད་ལེའུ་བཅུ་དྲུག་པར། རྡོ་རྗེ་རྣམ་པར་སྣང་མཛད་བསམ། །སློབ་མ་རྟག་ཏུ་བློ་བརྟན་ལ། །ལུས་དང་ངག་སེམས་རྡོ་རྗེ་ཅན། །སྔགས་ཤེས་པས་ནི་དགོད་ པར་བྱ། །ཞེས་པའི་དགོངས་པའོ། །སྔགས་དོན། མནོས་པའི་རྡོ་རྗེ་བདག་ལ་བརྟན་པར་མཛོད། །སྙིང་པོར་བདག་ལ་བྱིན་གྱིས་རློབ་ཏུ་གསོལ། །དངོས་གྲུབ་ཐམས་ཅད་བདག་ལ་ རབ་སྩོལ་ཞིག་མགོན་པོ་སྙིམ་པའི་མེ་ཏོག་རབ་ཏུ་བཞེས། །ཞེས་པ་ཧ་བཞི་དང་ཧོ་ནི། དངོས་གྲུབ་གང་སྩོལ་ན་དེས་མཚོན་པའི་ཡེ་ཤེས་ལྔ་སྩོལ་ཞིག་ཅེས་འགྲེལ་བར་རུང། ནག་ པོ་པ། ངག་གྲགས་སོགས་ཀྱི་འདུས་པའི་དཀྱིལ་ཆོག་སོགས་ཕལ་ཆེ་བར། མེ་ཏོག་འདོར་སྔགས། པྲ་ཏིའུ་ཙྪ་བཛྲ་ཧོཿ་ཞེས་འབྱུང་བ་དེ་ཉིད་བསྡུས་པ་ལས་གསུངས། དུས་འཁོར་ལས་ རྒྱལ་བའི་བུམ་པའི་མཚན་མ་ལ་མེ་ཏོག་འདོར་བར་གསུངས་པ་རྡུལ་ཚོན་གཤིག་པའི་ཉེས་པ་སྤོང་ཕྱིར་ཡིན་ཡང། ཕྲེང་བའི་སྐབས་རྡུལ་ཚོན་དུ་འདོར་བ་ལ་ཉེས་པར་མེད་པར་གསུངས། སྔོན་ དུ་སློབ་མ་བརྟག་པ་ནི་དབང་བསྐུར་རུང་གི་མཚན་ཉིད་ཚང་མ་ཚང་བརྟག་བླ་སློབ་མཚན་ཉིད་ཚང་ཡང་བགེགས་འབྱུང་བས་རྨི་ལམ་གྱིས་བར་ཆད་ཡོད་མེད་བརྟག་དེ་དག་མེད་ [346B] ལྷ་གང་གི་རིགས་ཡིན་པ་སོགས་ཀྱི་ཕྱིར་མེ་ཏོག་འདོར་བས་དགོས་པ་སོ་སོར་ཡོད། དེ་བཞིན་སོ་ཤིང་འདོར་ བ་དང། ཁ་དོག་འདྲི་བ་གཉིས་དངོས་གྲུབ་གང་འགྲུབ་བརྟག་པར་འདྲ། འོན་ཀྱང་སྔ་མས་མི་ཆོག་པར། ད་དུང་ངེས་བརྟན་བྱ་ཕྱིར་ཕྱི་མ་བརྟག་པ་ཡིན། མེ་ཏོག་འདོར་ཚེ། ལྷ་སྐུ་ ཡོད་པའི་མཛོད་སྤུ། དབུ། གཙུག་ཏོར་ལ་ཕོག་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ། སྤྱན། ཞལ་ལ་སྔགས་ཀྱི་དངོས་གྲུབ། སྐུའི་སྟོད་སྨད་བར་གསུམ་ལ་དངོས་གྲུབ་རབ་འབྲིང་ཐ་ གསུམ་ཐོབ་པའི་དངོས་གྲུབ་ནི། ལཱ་བ་པས། བྱང་ཆུབ་དང་དབང་ཕྱུག་ནོར་ལ་བཤད། སྐུ་ལས་ཉེ་རིང་གི་འགྲུབ་ཐག་ཉེ་རིང། སྐུ་གཉིས་ཀྱི་བར་དུ་ལྷུང་ན་གང་ཉེ་བ་དང། དེ་ མཉམ་ན་གཉིས་ཀའི་དངོས་གྲུབ་འགྲུབ། རྩིག་པའི་ཕྱིར་ལྷུང་བ་ལན་གསུམ་བསྐྱར་ནས་ཕྱིར་ལྷུང་ན་དངོས་གྲུབ་ཕྲ་མོ་འགྲུབ། ལ་བ་པ་སོགས་དབང་མི་བསྐུར་བར་བཤད། རྡོ་རྗེའི་ ནང་ལྷུང་ན་ཚེགས་ཆེན་པོས་འགྲུབ། རྡོ་རྗེ་རྭ་བའི་ཕྱིར་ལྷུང་ན་དངོས་གྲུབ་མེད། རེ་ཞིག་བར་དཀྱིལ་འཁོར་མི་བསྟན་པར་སྔགས་བཟླས་པ་སོགས་བྱིན་ནས་སླར་འཇུག་པར་བྱ། ཀོ་ [347A]༄༅། །ས་ལའི་རྒྱན་ལས། མ་ཧཱ་བཱ་ལ་ཞེས་བྱ་བ་ནི། ལྷ་ལ་རྗེ་སར་འབོད་པའོ། །འདི་ནི་ཕྲེང་བའི་དབང་བསྐུར་བ་སྟེ་དང་པོའོ། །ཞེས་པ་ལྟར། ལྷག་ལྷ་ལ་སློབ་མ་གཏོད་པ་ཡིན་ དེ་ཡི་དགོས་པ། དེ་བསྒྲུབ་ན་དངོས་གྲུབ་མྱུར་བ། སྐྱེ་བ་ཐམས་ཅད་དུ་དེས་རྗེས་སུ་འཛིན་པས་གནད་ཆེ། དེའི་ཚེ་དབང་གི་ངོ་བོ་བདེ་སྟོང་སྐྱེས་པའི་མོས་པ་བྱ། ལས་དང་པོར་བར་གོང་ མའི་གསུང་རྒྱུན་ལྟར་བདུད་རྩི་འབེབས་སྦྱང་བྱེད། སྡིག་སྒྲིབ་སྤྱི་དང་ཁྱད་པར་དུ་རིགས་གོང་དུ་འཕེལ་ནས་དག་པ་གཉིས་ལྡན་ཆོས་སྐུར་འགྱུར་བ་ལ་སྒྲིབ་བྱེད་དང། ལྷག་ལྷས་རྗེས་སུ་ འཛིན་པ་མེ་ཕྲེང་དབང་ཐོབ་པ་ལ་གེགས་བྱེད་སྦྱངས། དབང་གི་ངོ་བོ་ཡེ་ཤེས་སྐྱེས་པ་དང། བྱང་ཆུབ་བར་རྗེས་སུ་འཛིན་པའི་ནུས་པ་ཐོབ་ནས་རྟེན་འབྲེལ་འགྲིག་བྱུང་སྙམ་དུ་མོས་ མེ་ཏོག་ཕོག་པའི་ལྷ་དེ་བསྒྲུབ་ན་དངོས་གྲུབ་མྱུར་བ་ནི། སྦྱོང་རྒྱུད་ལས། མེ་ཏོག་རིན་ཆེན་ལ་སོགས་གང། །བབས་པར་གྱུར་པ་རིགས་ཀྱི་ལྷ། །གཙོ་བོའི་རིགས་དེས་བསྒྲུབས་ ན་ནི། །དངོས་གྲུབ་མྱུར་ཏེ་ཐེ་ཚོམ་མེད། །ཅེས་སོ། །དཔྲལ་བར་མེའི་ས་བོན་རཾ། མིག་འབྲས་གཉིས་ཀྱི་དབུས་སུ་མིག་དབང་ཉིད་རྣམ་པ་ཨོཾ་ཡིག་གཟུགས། སློབ་མའི་རྒྱུད་ཀྱི་ཉོན་ [347B] སྙིང་ཁའི་ཧཱུཾ་ལས་འོད་ཟེར། དཔྲལ་བའི་རཾ་ལ་ཕོག་དེ་ལས་ཡེ་ཤེས་ཀྱི་མེ་འབར་བ་འཕྲོས་མིག་འབྲས་གཉིས་ཀྱི་ཨོཾ་ལ་ཕོག་པས་ དེའི་སྟེང་གི་དྲི་མ་ལྷག་མེད་བསྲེགས། ཨོཾ་ཡིག་དྭངས་གསལ་དུ་གྱུར། དེ་ལས་འོད་ཟེར་འཕྲོས། དཀྱིལ་འཁོར་པའི་ལྷ་ཚོགས་ཀྱི་སྤྱན་ལ་ཕོག་དེ་ལས་བདུད་རྩིའི་རྒྱུན་འོད་ཟེར་ལ་ འཁྲིལ་ནས་བྱུང་བ་ཨོཾ་ཡིག་ལ་ཐིམ་པས། ལྷ་རྣམས་ཀྱི་སྤྱན་གྱི་བྱིན་རླབས་ཞུགས། ཨོཾ་ཡིག་ཡོངས་སུ་གྱུར་ནས་གཟུགས་ཅན་ཀུན་ལ་ཐོགས་པ་མེད་པའི་རྡོ་རྗེའི་སྤྱན་སངས་རྒྱས་ཀྱི་ སྤྱན་དང་འདྲ་བར་ཐོབ་པར་མོས། ཨོཾ་རྡོ་རྗེ་སེམས་དཔའ་ ྾ ཚིགས་བཅད་འདི་དེ་ཉིད་བསྡུས་པར་རྒྱ་སྐད་དུ་ཡོད། ཕྲེང་བ་དང། བཞི་བརྒྱ་ལྔ་བཅུ་སོགས་ལས་འགྱུར་མི་འདྲ་ ཙམ་འབྱུང། ྾ ཕྱེ་བ་འི་མིག་དེས་ སྤྱན་དང་འདྲ་བས་ [348A]༄༅། །གྱི་ བྱིན་གྱིས་རློབ་པར་འགྱུར། ཕྱི་འདྲེན་བྱེད་ རྟགས་ཀྱི་ཨེ་ཝཾ་ གསང་བ་སྤྱི་རྒྱུད་ལས་རྐང་པ་བདུན་པ་མེད་པ་ནི། ཚིག་དེས་བླ་མེད་ཀྱི་ཉེ་ལམ་ སྟོན་པས། རྡོར་ཕྲེང་དབང་གི་རྣལ་འབྱོར་རྒྱུད་མན་ཆད་ལ་ཚིག་དེ་འཇོག་པའི་ཕྱག་ལེན་ཡང་ཡོད། ཧེ་བཛྲ་ ྾ ཀྱེ་དཀྱིལ་འཁོར་ལྟོས་ཤིག་ཡེ་ཤེས་ཀྱི་མིག་ཕྱེ་བ་དེས་འབྲས་དུས་ཀྱི་ རྟེན་བརྟེན་པ་ཐམས་ཅད་མངོན་སུམ་དུ་མཐོང་བར་མོས། དེ་ནས་རིམ་གྱི་སྟོན་པ་ནི། ཉི་ཤུ་པར། དེ་ནས་བློ་དང་ལྡན་པ་ཡིས། །དཀྱིལ་འཁོར་རིམ་བཞིན་བསྟན་པར་བྱ། །ལྷ་ནི་ སུམ་ཅུ་གཉིས་རྣམས་ཀྱི། །རང་གི་ངོ་བོའང་བསྟན་པར་བྱ། །འཕགས་པའི་བདེན་བཞི་ངོས་བཞིར་འགྱུར།། ྾ ཞེས་དང། ཟུང་གསལ་ལས་ཀྱང་དེ་བཞིན་གསུངས། ཏིང་ འཛིན་བཞི། དཔའ་བར་འགྲོ་བ། སྐྱོ་བ་མེད་པར་ཏིང་འཛིན་ཀུན་ལ་འཇུག་པ། ནམ་མཁའ་མཛོད། ཆོས་དང་ཟང་ཟིང་ནམ་མཁའ་ལྟ་བུར་མངའ་བ། དྲི་མ་མེད་པའི་ཕྱག་རྒྱ། ཏིང་ [348B] སེངྒེ་རྣམ་བསྒྱིངས་བཅས། མངོན་ཤེས་སོགས་ཀྱིས་སེངྒེ་ལྟར་རྩེ་བ། དཔའ་བར་འགྲོ་བ་ཞེས་པ། ས་བཅུ་པ་བས་རྗེས་ཐོབ་ཏུ་གཞན་དོན་ བྱེད་ཚུལ་སངས་རྒྱས་དང་མཉམ་པ་བྱེད་ནུས་པའི་བྱེད་ལས་ཅན་ཞིག་ཏུ་དེའི་མདོ་ལས་གསུངས། གཟུངས་བཞི་ནི། བཟོད་པའི་གཟུངས། ཆོས་ཀྱི་གཟུངས། དོན་གྱི་གཟུངས་ སྔགས་ཀྱི་གཟུངས་བཅས། དཔལ་འཛིན་གྱིས། དོན་དང། ཚིག་དང། ངེས་པའི་ཚིག་དང། སྤོབས་པ་སྟེ་གཟུངས་བཞི་རྣམ་པར་དག་པ་སྟེགས་བུ་ལ་གནས་པའི་ལྷ་མོའི་ ཚོགས་སོ། །ཞེས་སྔ་མ་དང་མི་འདྲ། དག་པ་གཞན་ནི། སྙེ་མ་བཅུ་གཉིས་པར། སངས་རྒྱས་དང་སངས་རྒྱས་མ་ཡིན་པ་མཉམ་པ་ཉིད་ཀྱིས་ནི་མི་མཉམ་པ་ཉིད་ལས་གྲུ་བཞི་པ་སྟེ་ ཟུར་བཞི་པའོ། །ཞེས་དང། སྙེ་མ་བཅོ་བརྒྱད་པར། དེ་ཡང་དེ་བཞིན་གཤེགས་པ་དང། སོ་སོ་སྐྱེ་བོ་དག་དེ་ཁོ་ན་ཉིད་དུ་གཉིས་སུ་མེད་པའི་རང་བཞིན་ཉིད་ཀྱིས་མི་མཉམ་པ་མེད་ པ་གསལ་བར་བྱེད་པ་རྣམ་པར་དག་པས་དང། འཕགས་པའི་བདེན་པ་བཞི་རྣམ་པར་དག་པས་གྲུ་བཞི་པའོ། །ཞེས་དང། དྲན་པ་ཉེར་བཞག་རྣམ་པར་དག་པས་ཤར་གྱི་སྒོའོ་ [349A]༄༅། །ཡང་དག་སྤོང་བ་ ྾ རྫུ་འཕྲུལ་གྱི་རྐང་པ་ ྾ དད་པ་སོགས་པའི་དབང་པོ་ལྔ་ ྾ བསྡུ་བའི་དངོས་པོ་བཞི་རྣམ་པར་དག་པས་སམ། སྟོང་པ་དང། མཚན་མ་མེད་ པ་དང། སྨོན་པ་མེད་པ་དང། མངོན་པར་འདུ་མི་བྱེད་པ་རྣམ་པར་དག་པས་ཀྱང་སྒོ་བཞིའོ། །སྒོ་ཉིད་ནི་བྱང་ཆུབ་ཀྱི་ཐབས་ཉིད་ཀྱི་ཕྱིར་རོ། །ཞེས་གསུངས། བཞི་བརྒྱ་ལྔ་བཅུ་པ་ རྩ་འགྲེལ་དུ་དབང་པོ་ལྔ་མ་ཟད། སྟོབས་ལྔ་དག་པའང་བྱང་སྒོ་ཡིན་པར་གསུངས། གཞལ་ཡས་ཁང་གི་རྒྱན། སྙེ་ཨམ་བཅོ་བརྒྱད་པར། བྱང་ཆུབ་ཀྱི་སེམས་རྣམ་པར་དག་པས་ཟླ་བ་ རྣམས་སོ། །ཤེས་རབ་ཡེ་ཤེས་རྣམ་པར་དག་པས་ཉི་མ་རྣམས་སོ། །དེ་བཞིན་གཤེགས་པའི་ལམ་གྱི་ཡེ་ཤེས་རྣམ་པར་དག་པས་རྔ་ཡབ་རྣམས་སོ། །བྱང་ཆུབ་ཡན་ལག་གི་མེ་ཏོག་ཕུན་ སུམ་ཚོགས་པ་རྣམ་པར་དག་པས་མེ་ཏོག་གི་ཕྲེང་བ་རྣམས་སོ། །མེ་ལོང་ཡེ་ཤེས་རྣམ་པར་དག་པས་མེ་ལོང་ངོ། །ཞེས་དང། བ་དན་དང་དྲིལ་བུ་ཡང། དེ་ཉིད་ལས། སླག་བཅུ་ གཉིས་ཐམས་ཅད་དུ་འགྲོ་བ་དམ་པའི་ཆོས་ཀྱི་སྒྲ་རྣམ་པར་དག་པས་རླུང་གིས་བསྐྱོད་པའི་བ་དན་དང་དྲིལ་བུའི་སྒྲ་རྣམས་སོ། །ཞེས་དང། འཁོར་ལོ་རི་དྭགས་སོགས། རྟ་བབས་འོག་ [349B] དེར་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་རྣམ་པར་དག་པས་བླ་བྲེ་དང་ཕྲེང་བ་ལ་སོགས་པ་རྣམས་སོ། །ཞེས་དང། བཞི་བརྒྱ་ལྔ་བཅུ་པར། ཡེ་ཤེས་མེ་ལོང་བྱང་ཡན་ལག་ཕྱོགས་ ཀུན་ཏུ་ནི་འོད་རབ་གསལ།། ་དྲ་བ་་དྲ་ཕྱེད་་ཉི་་ཟླ་དང།། ་རྔ་ཡབ་་མེ་ལོང་་མེ་ཏོག་ཕྲེང། གཟུགས་ ཅན་གཟུགས་བལྟ་སོགས་གསུམ། གཟུགས་མེད་བཞི། འགོག་པའི་རྣམ་ཐར་གཅིག་དང་བརྒྱད། བ་བརྒྱད། །གཙོ་བོ་མི་བསྐྱོད་པ་བཞུགས་པའི་ ྾ ཉེ་ ཚེ་བའི་དཀྱིལ་འཁོར་གཞན་ལས་མཆོག་ཏུ་གྱུར་ཏོ། །བརྟེན་པའི་དཀྱིལ་འཁོར་གྱི་དེ་ཉིད་ནི། ཉི་ཤུ་པར། དེ་ནས་འཁོར་ལོའི་བདག་པོ་ནས། །བརྩམས་ཏེ་གནོད་མཛེས་མཐར་ ཐུག་ལྷ། །ཇི་བཞིན་དེ་ཉིད་དུ་གནས་རྣམས། །རྡོ་རྗེ་ཅན་གྱིས་སློབ་མར་བཤད། །ཕུང་པོ་ལྔ་ཡི་རང་བཞིན་དུ་ ྾ ཞེས་སོགས་དང། དེའི་རྗེས་སུ་སླར་ཡང། བཤད་རྒྱུད་རྡོ་རྗེ་ཕྲེང་ [350A]༄༅། །བ་ལས། རང་བཞིན་གྱིས་ངག་རང་གི་ལུས། །དཀྱིལ་འཁོར་མཆོག་འདི་མཐོང་བ་ན། །དེ་བཞིན་གཤེགས་དང་ལྷ་མོ་དང། །རྒྱལ་བའི་སྲས་ཀྱི་ཡང་དག་གཞི། །ཁྲོ་བོ་ ཁྱབ་པའི་གསང་བའི་མཆོག་རྡོ་རྗེ་སེམས་དཔའ་རྟེན་དང་ནི། །ཕྱི་དང་ནང་གི་དཀྱིལ་འཁོར་ནི། །གཉིས་པོ་དེ་ལ་བསྟན་པར་བྱ། །ཞེས་པའི་དགོངས་པ་ལྟར། ཉི་ཤུ་པར། དེ་ ནས་ལུས་འཁོར་ལ་གནས་པའི། །སངས་རྒྱས་མི་བསྐྱོད་སོགས་རིམ་བཞིན། །ཞེས་གསུངས་པ་ལྟར། བླ་མ་རང་ཉིད་ཀྱི་ལུས་ལ་གནས་པའི་ལྷ་ཚོགས་ཀྱང་སྟོན་དགོས། སྤྱི་བོ་ནས་སྐྲ་ མཚམས་བར་གཟུགས་ཕུང་དང་དབྱེར་མེད་རྣམ་པར་སྣང་མཛད། ྾ ཉི་ཤུ་པ་དང། བཞི་བརྒྱ་ལྔ་བཅུ། ཕྲེང་བར། ལྷ་ངོ་བསྟན་པའི་འོག་ཏུ། ད་ནི་དད་པའི་ཤུགས་ཀྱིས་སུ་ ཞེས་སོགས་བླ་མས་བརྗོད། དེའི་རྗེས་རྡོ་རྗེ་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོ་ཞེས་གསུམ་དང། ཧོ་གསུམ་བརྗོད་དུ་གཞུག་པར་གསུངས་ཏེ། དེ་ནི་འཕགས་པ་ལྷ་དང། མི་ཐུབ་ཟླ་ བས་ཀྱང་མཛད། བཟང་པོ་ཡོངས་བཟུང་ལས་རྐང་པ་དེ་གསུམ་འགྲོ་ཨོཾ་རེ་རེ་དང་རྫོགས་པའི་མཐར་ས་མ་ཡ་ཧོ་ཞེས་པ་སྦྱར། ཡང་ལཱ་བ་པས། ཤར་སྒོའི་ལྷ་ནས་གཙོ་བོའི་བར་ [350B] གྲུབ་ཆེན་དཔལ་འཛིན་སོགས་ཀྱིས་བྱང་སྒོའི་ལྷ་ནས་གཙོ་བོའི་བར་མས་རིམ་གྱིས་སྟོན་པར་མཛད་པའི་ལུགས་ཀྱང་ཡོད། དཀྱིལ་འཁོར་དུ་འཇུག་པའི་སྐོར་བྱེད་ཚེ་བླ་མ་ གཙོ་བོའི་ང་རྒྱལ་བཟུང། སློབ་མ་ཡེ་ཤེས་པ་འབེབས་སྐབས་སོགས་དམིགས་བསལ་མ་གཏོགས་རྣམ་སྣང་དུ་བསྒོམ། ཆས་འཇུག་ནས་གསང་གདམས་བར་དཀྱིལ་འཁོར་དུ་འཇུག་པའི་ སྔོན་འགྲོ། དེའ་འོག་ནང་དུ་ཞུགས་པ་ནི་སྐབས་འདིའི་དངོས་གཞི། དེའི་ཚེ་ཕྱིའི་སྐལ་མཉམ། དེར་ལྷ་ལ་མོས་ནས་ཕྱག་བསྐོར་བྱས་པ་དང། བླ་མས་དངོས་གྲུབ་འགྲུབ་པ་ལ་དམ་ ཚིག་བསྲུང་དགོས། ཞེས་དམ་བཞག་སྐོར། ཡེ་ཤེས་པ་ཕབ་ནས་ནང་གི་སྐལ་མཉམ། རུང་བར་ཤེས་ན། མེ་ཏོག་ཕྲེང་བའི་དབང་བསྐུར་ནས་དཀྱིལ་འཁོར་བསྟན་པ་ཡིན། ། ཉི་ཤུ་པར། ཆུ་ཡི་དབང་བསྐུར་བསྒྲུབ་བྱའི་ཕྱིར། །ཤར་གྱི་ཕྱོགས་དང་དབང་ལྡན་དུ། །སྔགས་པས་དཀྱིལ་འཁོར་ཁྲུ་དོ་བ། །གྲུ་བཞི་པ་ལ་སྒོ་བཞི་པ། །ཞེས་པ་ལྟར་རབ་གནས་ སྐབས་ཤར་རམ་བྱང་ཤར་དུ། ཁྲུ་དོ་གྲུ་བཞི་སྒོ་བཞི་རྟ་བབས་མེད་པ། དཀར་དམར་ནག་པའི་རྩིག་པ་གསུམ། འཕར་མ་གཉིས་དང་ལྡན། འདི་ཕྱི་ཁྱམས་གྲུ་བཞི་དང། ནང་ [351A]༄༅། །པདྨའི་མཐར་གྲུ་བཞི་འདེབས་པའི་རིམ་པ་གཉིས་ལ་ཟེར། སྔགས་རིམ་དང་དབང་དོན་མི་འདྲ། པདྨའི་དབུས་རྡོ་རྗེ་ནག་པོ། པདྨའི་ཕྱི་རོལ་ཕྱོགས་བཞིར། འཁོར་ལོ་ དཀར་པོ། རིན་པོ་ཆེ་སེར་པོ། པདྨ་དམར་པོ། རལ་གྲི་ལྗང་ཁུ། ཕྲེང་བར། གྲུ་བཞི་སྒོ་གཅིག་རྟ་བབས་ཡོད་པ་གཅིག་གྲུ་བཞི་སྒོ་གཅིག་རྟ་བབས་མེད་པ་གཅིག་ཡང་གོང་དང་ འདྲ་བ་གཅིག་བཅས་ལུགས་གསུམ། སློབ་མར་དབང་བསྐུར་ཤར་ཕྱོགས་ཙམ་བྱང་ཤར་དང་གདམ་ང་མེད། ཟུང་གསལ་ལས། དེ་ནས་ཆུ་ཡི་དབང་བསྐུར་ཕྱིར། །པུས་མོ་གཡས་ པའི་ལྷ་ང་ནི། །ས་ལ་ལེགས་པར་བཙུགས་ནས་ཀྱང། །མེ་ཏོག་སྙིམ་པ་དང་བཅས་ཏེ། །ཚིགས་སུ་བཅད་པ་འདི་ཡིས་ནི། །བླ་མ་རྡོ་རྗེར་གསོལ་བ་གདབ། །ཞེས་པ་ལྟར་མཎྜལ་ ཚིགས་བཅད་འདི། འདུས་པ་ལེའུ་བཅུ་དྲུག་པ་ལས། དེ་ལ་འདི་ནི་སློབ་མ་ཐམས་ཅད་ཀྱིས་རྡོ་རྗེ་ཆེན་པོའི་གསོལ་བ་བྱ་བའི་ཆོ་ག་གསང་བའོ།། ཞེས་གསུངས་པ། ༈ ཉི་ཤུ་པ་དང། ཟུང་གསལ་དུ་མེད་ཀྱང། ཕྲེང་བ་དང། ནག་པོའི་དཀྱིལ་ཆོག་ལས་གསུངས། བཤད་རྒྱུད་རྡོར་ཕྲེང་ལས། པདྨ་བསྐོར་ [351B] །ཡུངས་དཀར་དཀར་པོ་བསྲེགས་བྱས་ནས། །ཉོན་མོངས་པ་ནི་སེལ་བར་བྱེད། །འཁྱུད་ཅིང་བསྐོར་བས་དོར་བར་བྱ། །ཞེས་པའི་དགོངས་པ་ཡིན། བླ་ས་ ལས་ཐམས་ཅད་པ་དང། ཧཱུཾ་ལན་བདུན་བཟླས་པའི་ཡུངས་ཀར་ཁུ་ཚུར། སརྦ་པ་པཾ་སྔགས་བརྗོད་དེ་མེར་ལན་གཉིས་དོར། དེ་བཞིན་ཆུ། ཁམ་ཕོར། དུར་ཆུན་དང་བཅས་ པའི་བ་ལྕིའི་ཆང་བུ། ཟན་ཆང་སེང་རས་ཚལ་པ་བཞི་བཞིས་ཀྱང་བསྐོར་ནས་སྦྱང། སྔགས་དོན། སྡིག་པ་ཐམས་ཅད། སྲེག་པར་བྱེད་པ། རྡོ་རྗེའི་ཆེད་དུ། རྡོ་རྗེ་སེམས་དཔའི་ སྡིག་པ་ཐམས་ཅད་བསྲེག་པའི་གཞི་ཚུགས། འདི་ལ་བྱམས་གླིང་པས། རྡོ་རྗེ་སེམས་དཔའི་ཞེས་སློབ་མ་སོགས་ཀྱི་མིང་མཚོན་པའི་ཆེ་གེ་མོ་ལྟ་བུ་ཡིན་པར་བཤད། སྣར་ཐང་སྨྲ་ སེང་གིས། རྡོ་རྗེ་སེམས་དཔའི་རྡོ་རྗེའི་ཆེད་དུ་ཞེས་སྔ་མ་ལས་ལྡོག་ནས་བཤད། ལྷ་རི་བའི་གསུང་རྒྱུན། སྡིག་པ་ཐམས་ཅད་རྡོ་རྗེས་བསྲེག་པའི་རྡོ་རྗེ་སེམས་དཔའ་ཞེས་བོས་ནས་སྡིག་ བསྲེག་པར་གཞི་ཚུགས། ཞེས་པའི་དོན་དུ་བཤད། འདིར་སྔགས་རིམ་ལས། ཞེས་བརྗོད་ཅིང་བྱབས་ལ། ཞེས་གསུངས་པ་དང་འདྲ་བར་དབང་དོན་ལས་ཀྱང་གསུངས་པས་ [352A]༄༅། །སྲད་རྒྱུད་རྡོ་རྗེ་འཆང་གི་ཕྱག་ལེན་བསྐོར་བའི་མཐར་ལན་གཉིས་གསུམ་ཙམ་བྱབས་པའི་སྟངས་ཀ་མཛད་པ་ལེགས། སྦྱང་བའི་དགོས་པ། སྔགས་དོན་ལྟར་སྡིག་པ་སྦྱང་ བ་དང། ལཱ་བ་པས་མི་གཙང་བ་བསལ་བ། བི་ཤུ་ཏིས་བྱུར་བསལ་བ་ལ་གསུངས། དམ་ཚིག་རྡོ་རྗེ་ལྟར་མི་ཤེས་པ་སྦྱང་བ་ལ་བྱེད། དེ་དག་རྒྱུ་སྡིག་པ་ལས་བྱུང་བས་དགོངས་པའི་ དོན་འདྲའོ། །ཉེ་རེག་བྱ་བའང་དགོས་པ་གོང་དང་འདྲ། བྱ་ཚུལ་ཕྲེང་བའི་སྐབས། སློབ་མར་ཙོག་པུར་འདུག་བཅུག་པའི་ལག་པ་གཡོན་པར་ཆུ་བླུགས་ནས་བྱེད་བཅུག་པའི་ཕྱག་ལེན་ ཡོད་ཀྱང། འདིར་དངོས་སུ་མ་བདེ་ན། མེ་ལོང་ལ་སློབ་མའི་གཟུགས་བརྙན་ཤར་བའི་གནས་རྣམས་སུ་བྱ། སྦྱང་ཆས་དང་ཉེ་རེག་གི་ཆུ་ཁང་པའི་ཕྱིར་སྐྱེལ་བའི་ཕྱག་ལེན་ཡོད་ གཙོ་བོའི་སྔགས་བརྗོད་དེ། སློབ་མ་ལྷར་གསལ་བའི་ཐུགས་ཀར་དྲི། དབུ་ལ་མེ་ཏོག་མདུན་དུ་མཆོད་ཡོན། མཐའ་བསྐོར་དུ་མར་མེ་འབུལ་བར་མོས། བགེགས་མཐར་ སྔགས་དང། ཧཱུཾ་ལན་བདུན་བཟླས་ནས་བསྔགས་པའི་སྤོས་དཀར་མར་དང་བསྲེས་པའི་གདུག་པ་བྱ། ཆུ་དབང་ལ། ནང་དབང་བསྐུར་ནས་ཁྲུས་སྟེགས་ལ་འགོད་པ་དང། དེ་ལ་ [352B] འདི་སྐོར་དཀྱིལ་ཆོག་མང་པོར་གསལ་ཁ་མེད་ཀྱང། རྩ་རྒྱུད་ལེའུ་བཅུ་བདུན་པར། སློབ་དཔོན་སྙིང་ཁར་རབ་བསྒོམ་ནས། །དབང་ བསྐུར་པ་ནི་བརྩམས་པར་བྱ། །སངས་རྒྱས་ཀུན་གྱི་ནམ་མཁའི་དབྱིངས། །ཡོངས་སུ་གང་བར་རྣམ་བསྒོམ་ལ། །དབང་བསྐུར་བ་ཡི་གནས་གསུམ་གྱིས། །ཐམས་ཅད་ཆོ་ག་བཞིན་ དུ་དབབ། །སེམས་ཅན་ཀུན་ལ་ཕན་འདོད་པའི། །བྱང་ཆུབ་འདི་ཡིས་འབབ་འགྱུར་ཞིང། །ངོ་མཚར་ཆེན་པོའི་དངོས་གྲུབ་ཀུན། །སྐུ་གསུང་ཐུགས་ནི་འགྲུབ་པར་འགྱུར། །ཞེས་ནང་ དབང་བསྐུར་ཚུལ་ཕན་ཡོན་དང་བཅས་གསུངས། མི་ཐུབ་ཟླ་བས། བུམ་པ་བརྒྱད་པོ་ཐམས་ཅད་ཀྱི། །རང་གི་རིག་མ་སྐྱེས་བུའི་ཆུས། །ཐུགས་རྡོ་རྗེ་རུ་རབ་བསྒོམས་པས། །རྡོ་ རྗེ་འཆང་བསམ་དབང་བསྐུར་བྱ། །ཞེས་གསུངས་པས་ནང་དབང་ཆུ་དབང་གཉིས་ཀ་བསྟན་ཏེ་གུར་གྱི་དགོངས་པ་ཡིན། འཕྲེང་བ་ལས། ཆུ་དབང་ལ་ནང་དབང་བསྐུར་ཚུལ་གསུངས་ བི་ཤུ་ཏི། དབང་ལྷག་མ་རྣམས་ལའང་ནང་དབང་བྱ་བར་གསུངས་པ་ལྟར་རོ། །བླ་མ། སློབ་མ། དབང་རྫས་གསུམ་ལྷ་གང་དུ་བསྐྱེད་ཚུལ་ལ། དྭ་རི་ཀ་པས། མི་བསྐྱོད་བསམ་ [353A]༄༅། །གཏན་གསུམ་རྫོགས་པས། །ཞེས་ཆུ་དབང་སྐབས་གསུམ་ག་མི་བསྐྱོད་པར་བསྐྱེད་པ་སོགས་གསུངས་ལ། ཕྲེང་བ་སོགས་དཀྱིལ་ཆོག་མང་པོར། སློབ་མ་དང་དབང་རྫས་ དམིགས་པ་འཕོ་བ་ལས། བླ་མ་ལ་མི་འདྲ་བ་མ་བཤད་པས། རིག་པའི་དབང་དྲུག་ལ། བླ་མ་གཙོ་བོའི་རྣལ་འབྱོར་ལ་གནས་པས་ཆོག་པ་དང། སློབ་མ་དབང་རྫས་གཉིས་སྐབས་སོ་ སོར་འཕོ་དགོས། དེའི་རྒྱུ་མཚན། དེའི་རིགས་ཀྱི་དངོས་གྲུབ་སྒྲུབ་སྩལ་པ་དེའི་ང་རྒྱལ་བརྟན་དགོས་པ་དང། ལྷ་དེའི་རིགས་རྒྱུན་གྱིས་དབང་བསྐུར་བ་ཞིག་དགོས་པས་ཡིན་ཚུལ། ལྷ་རི་ བའི་ཟིན་བྲིས་བདེ་མཆོག་དབང་བཤད་ལས་འབྱུང། འདུས་པ་འདིར། རྩ་རྒྱུད་ལེའུ་བཅུ་དྲུག་པར། རྡོ་རྗེ་སེམས་དཔའི་ཏིང་འཛིན་གྱིས། །ཞེས་བླ་མ་གཙོ་བོའི་ང་རྒྱལ་གྱིས་བྱ་བར་ གསུངས་པས་དམིགས་པ་འཕོ་མི་དགོས། སློབ་རྫས་གཉིས་འཕོ་ཚུལ་ཉི་ཤུ་པར་མི་གསལ། ཟུང་གསལ་དུ། དབང་རྫས་ལྷ་གང་དུ་བསྐྱེད་པ་མི་གསལ་ཞིང། ཕྲེང་བའི་དབང་བསྐུར་ བྱས་པ་ཡི། །སློབ་མ་དཀྱིལ་འཁོར་དུ་བཅུག་སྟེ། །རྟག་པའི་ང་རྒྱལ་འཛིན་པ་ཡིས། །དཀྱིལ་འཁོར་དབུས་སུ་བཞག་ནས་ནི། །ཞེས་དང། རིན་ཆེན་འབྱུང་བའི་སྦྱོར་ལྡན་པས་ [353B] །འཇམ་པའི་གདན་ལ་རབ་བསྡད་དེ། །ཞེས་དང། དེ་རྗེས་འོད་དཔག་མེད་བདག་ཏུ། དམིགས་ཏེ་དང། དོན་ཡོད་གྲུབ་པའི་གཟུགས་སུ་ནི། །སློབ་ མ་ཆོ་ག་བཞིན་དུ་བསམ། །དང། མི་བསྐྱོད་གཟུགས་སུ་དམིགས་ནས་སུ། །ཞེས་ཆུ་དབང་ལ་རྣམ་སྣང་དང། ཅོད་པཎ་ལ་རིན་འབྱུང། མིང་དབང་མི་བསྐྱོད་པར་བསྐྱེད་ པའི་བར་གསུངས། ཕྲེང་བ་ལ། ཆུ་དབང་སྐབས་སློབ་མ་མི་བསྐྱོད་པར་བསྐྱེད། བུམ་ཆུ་མི་བསྐྱོད་པའི་བདག་ཉིད་ཅན་གྱི་བྱང་ཆུབ་སེམས་ཀྱི་བདུད་རྩིར་མོས་དགོས། མིང་དབང་རྣམ་ སྣང་དུ་བསྐྱེད་པའི་བར་མཛད། དེའི་རྗེས་འབྲང་རཊྞ་རཀྵི་ཏ་དང། བི་ཤུ་ཏིས་ཀྱང་བུམ་ཆུ་མི་བསྐྱོད་པར་དངོས་སུ་གསུངས། ལཱ་བ་པས། སློབ་མ་ཆུ་དབང་སྐབས། ཐུགས་ཀྱི་བདེ་ མཆོག་ཏུ་བསྐྱེད་པ་སོགས་གསུངས། སྐབས་འདིར་བཤད་རྒྱུད་རྡོར་ཕྲེང་ལས། རྣམ་རྒྱལ་བུམ་པ་བླངས་ནས་ནི། །པདྨའི་སྣོད་ནི་བཟང་པོ་ལ། །དེ་ཡི་དབུས་སུ་བློ་བཟང་པོ། །ཧཱུཾ་ རྡོར་ལས་བྱུང་མི་བསྐྱོད་བསྒོམ། །ཞེས་སོགས་གསལ་བར་གསུངས་པའི་དགོངས་པ་ལྟར། ནཱ་རོ་པའི་རྒྱུད་ཕྱི་མའི་འགྲེལ་པར། བུམ་པ་ལ་མི་བསྐྱོད་པར་གྱུར་པར་ཁྲུས་བྱ་བ་དང་ [354A]༄༅། །ཞེས་དང། ནག་པོ་པས། ཆུ་དབང་སྐབས། སློབ་མ་རྡོ་རྗེ་འཛིན་པའི་སྐུར་བསྒོམ་པར་གསུངས། འདིར་མི་བསྐྱོད་པ་བསྐྱེད་པར་མཛད། སྤྱིར་རྣམ་སྣང་དུ་བསྐྱེད་ པ་སློབ་དཔོན་ཡན་ལག་མེད་པའི་རྡོ་རྗེ་སོགས་ཀྱིས་ཀྱང་མཛད་པས་མི་འཐད་པ་མིན། བསྐུར་ཚུལ། ལས་སྔགས་དང་བུམ་ཆུས་བསངས། འོད་གསལ་དུ་སྦྱངས། འདོད་འཇོ་ལས་ དེ་ཁོ་ན་རྟོགས་པའི་ལྟ་བའི་སྟེང་ནས་འོད་གསལ་དུ་འཇུག་པ་ལུས་འདི་དང། རྒྱུད་སྡེ་འོག་མ་གསུམ་དང། ཕར་ཕྱིན་ཐེག་པ་རྣམས་འདྲ་ཡང། ཞེས་གསུངས་པ་ལྟར། ཐུན་མོང་བ་ དེ་དང། ཐུན་མོང་མ་ཡིན་པ་ཡུལ་ཅན་བདེ་ཆེན་འོད་གསལ་དབྱེར་མེད་ངང་དུ་འཇུག་དགོས། སློབ་མ་ཆོ་ག་གསུམ་བསྐྱེད་བྱེད་པ་ཕྲེང་བ་དང་ལ་བ་པའི་དགོངས་པ་ཡིན། དགོས་པ་ ཧཱུཾ་གིས་ཤིན་ཕྲའི་རླུང་སེམས་དང། རྡོ་རྗེ་དེ་ལས་སྐྱེས་པའི་སེམས་རགས་པ། དེ་ལ་མཚན་པའི་ཧཱུཾ་གིས་ངག་རགས་པ། སྐུ་རྫོགས་པར་བསྐྱེད་པས་ལུས་རགས་པ་རྣམས་མཚོན་ཞིང་ དེ་རྣམས་སྦྱོང་བ་ཡིན་ཞེས་མཁས་བཙུན་ཡོན་རྒྱམ་གསུང་རྒྱུན་ལས་འབྱུང། ལཱ་བ་པས། དབང་ལྔ་ལ་སློབ་མ་རིམ་བཞིན་ཐུགས་ཀྱི་འཁོར་ལོ་བདེ་མཆོག་ཡོན་ཏན་འཁོར་ལོ་ [354B] ྾ འཕྲིན་ལས་ ྾ སྐུའི་འཁོར་ལོ་བདེ་མཆོག་སྟེ་གཙོ་བོ་རང་ལ་རིགས་ལྔར་ཕྱེ་བར་བསྐྱེད་པར་གསུང་པས། རང་གཞུང་དུ་རིགས་ལྔའི་ཕྱག་མཚན་སོ་སོར་གསུངས་པ་མེད་ན་ དེ་ལྟར་བྱ་བ་ཡིན་ཀྱང། སྔགས་རིམ་ཆེན་མོར། ཡང་ན་རང་གི་གཞུང་ནས་རིགས་ལྔ་བཤད་པ་ཡོད་ན་དེ་བཞིན་དུ་བྱ་ལ། མེད་ན་གཙོ་བོ་ཉིད་ལ་རིགས་ལྔར་དབྱེའོ། །ཞེས་པ་ ལྟར་རོ།། ྾ འགྲོ་ བ་སྐྱོབ། འདིར་བླ་སློབ་གཉིས་ཀས་གཞན་དོན་བྱང་སེམས་ཡང་ཡང་གསལ་འདེབས་སུ་བཅུག་པའི་ཕྱག་སྲོལ་ཡོད་པ། དེ་ནི་རྩ་རྒྱུད་ལས། དམ་ཚིག་འདི་ནི་རྨད་པོ་ཆེ། །ཞེས་དང་ མཆན་བུ་ལས། འདིས་ཅི་བྱེད་སེམས་ཅན་གྱི་དོན་དུ་བྱེད་པ་ཅིག་བསྟན་ལ། འདིར་ནི་ཡོང་ཡེ་ཞེས་པས་སྟོང་ཉིད་རྟོགས་པའི་ཤེས་རབ་བསྒོམ་པ་མེད་ན་ངལ་བ་འབྲས་བུ་མེད་པར་ གསུངས་པས། ཐུན་མོང་བའི་བྱང་ཆུབ་ཀྱི་སེམས་དང། ཡིན་ལུགས་ཀྱི་ལྟ་བ་ཕུ་ཐག་ཆོད་པ་ཅིག་གསང་སྔགས་ལའང་མེད་མི་རུང་དུ་ཤེས་པར་གྱིས་ཤིག་ ྾ ཅེས་གསུངས་པ་ལྟར་ [355A]༄༅། །གལ་ཆེ། དབང་རྫས་ལྷ་ལ་ཡེ་ཤེས་པ་བསྟིམ་པ་ཕྲེང་བར་མ་གསུངས་ཀྱང། རཊྞ་རཀྵི་ཏ་དང། བི་ཤུ་ཏི་གཉིས་ཀྱིས་གསུངས། ཀྱེ་རྡོར་ལས་རིམ་ལས་ནི་ཅོད་པཎ་ སོགས་ལྷར་བསྐྱེད་ཡེ་ཤེས་པ་བཅུག་མཆོད། བསྟོད། བཟླས་པ་བྱ་བ་ཡང་གསུངས། ༈ བླ་མ་དང་གཙོ་བོ་ཐ་དད་དུ་བྱས་ནས་ དབང་བསྐུར་བ་ཡིན་པ་དང། ཆུ་དབང་སོགས་ཁྲུས་དཀྱིལ་དུ་བྱ་བ། དེ་དཀྱིལ་འཁོར་གྱི་ཕྱི་རོལ་ཡིན་ཡང། དགོངས་པ་བཏད་པའི་དབང་གིས་རྡུལ་ཚོན་སོགས་ཀྱི་དཀྱིལ་འཁོར་དེའི་ ནང་བུམ་དབང་ཐོབ་པར་འཇོག་ནུས། དཔེར་ན། ལས་གྲལ་བས་དགོངས་པ་བཏད་ནས་སྡོམ་པ་ཐོབ་པ་བཞིན་ནོ། །གསར་དུ་དྲངས་པའི་དབང་ལྷ་ནི། ལཱ་བ་པས་བདེ་མཆོག་ཉིད་ལ་ རིགས་ལྔར་ཕྱེ་བས་གཙོ་བོར་བྱས་པའི་དཀྱིལ་འཁོར་དང། འཕྲེང་བ་ལས། གཤེགས་པ་དང་གཤེགས་མ། སེམས་དཔའ་དང་སེམས་མ། ཁྲོ་བོ་ཁྲོ་མོའི་རྣམ་པ་སྤྱི་འགྲོ་ལྟར་བྱས་པར་ གསུངས་པ་སྤྱིར་གང་བྱས་ཀྱང་འདྲ། འདུས་པ་འདིར། ལེའུ་བཅུ་བདུན་པར། སངས་རྒྱས་ཀུན་གྱི་ནམ་མཁའི་དབྱིངས། །ཞེས་པའི་ཐད་འགྲེལ་པ་མཆན་བུ་བཅས་པར། ནང་ [355B] སངས་རྒྱས་རྣམས་ལྷ་སོ་གཉིས་ཀྱི་རྣམ་པར་སྤྱན་འདྲེན་པར་གསུངས། བཤད་རྒྱུད་རྡོ་ཕྲེང་ལས། སློབ་དཔོན་གྱི་དབང་གི་མཐའ་རྟེན་སྐབས་འདུས་པའི་དཀྱིལ་འཁོར་གྱི་ ལྷའི་རྣམ་པར་སྤྱན་འདྲེན་པར་གསུངས་པས། སྔ་མ་ལྟར་བྱ་བ་ལེགས། ཆུ་དབང་ལ་མི་བསྐྱོད་པ་གཙོ་བོར་གྱུར་པ་སོགས། དབང་གི་བྱ་བ་འདི་རྣམས་ལ་སྒོས་མཛད་ཅེས་པའི་ཐ་སྙད་ སྦྱར་བ་ཡོད། དེ་དང་དབྱེར་མེད་བདེ་ཆེན་ཡེ་ཤེས་ངེས་དོན་གྱི་རྡོ་རྗེ་དེ་ནི་རིགས་ དེ་བཞིན་ ལག་ཏུ་ཤར་བའི་དྲང་དོན་མི་བསྐྱོད་པ་ནི་རྣམ་ཤེས་སྦྱོང་པའི་ལྷ་ཡིན། རྣམ་ཤེས་ཀྱི་སྦྱང་གཞི་ཕུང་པོ་གཞན་ལ་ཁྱབ་པ་དང། གཞན་རྣམས་དེའི་གཞན་དབང་ཅན། ཕུང་པོ་ལྔའི་ནང་ སེམས་གཙོ་བོ་ཡིན་པ་ལྟར། རིགས་དྲུག་པ་འདི། ཕུང་པོ་གཞན་སྦྱོང་བྱེད་ ལྔའི་སངས་རྒྱས་ཐམས་ཅད་ དེ་རིང་སྟེ་ད་ལྟ་ [356A]༄༅། །བྱེད་པ་ཡིན། སེམས་ཅན་ཀུན་གྱི་སྙིང་སྟེ། སེམས་ཀྱི་ཆོས་ཉིད་ལ་སླར་མི་ལྡང་བས་མཉམ་པར་གཞག་ནས་གནས་པའི་བདེ་ཆེན་ཡེ་ཤེས་རིགས་དྲུག་པའི་ངོ་བོ་དེ། སེམས་ ཅན་མ་ལུས་པ་རྡོ་རྗེ་འཆང་གི་ངོ་བོར་བསྐྱེད་བྱེད་ཡིན་པའི་རྒྱུ་མཚན་གྱིས་བཤད་པ་དང། ཡང་སེམས་ཅན་ཀུན་གྱི་སྙིང་ལ་དུས་ནམ་ཡང་མི་འབྲལ་བར་གནས་པའི་རླུང་སེམས་ལས་ བཞེངས་པའི་རྡོ་རྗེ་འཆང། ཞེས་བཤད་ཀྱང་རུང། ༈ ཞེ་ ༈ ྾ རིགས་ཐམས་ཅད་འདུས་ པའམ་དེའི་གཙོ་བོ་ ཉོན་མོངས་དེ་ དེ་སྦྱངས་པས་འཁོར་པའི་ ྾ རྨོངས་ པས་ནོན་པའི་སྐྱེ་བོ་འི་རྒྱུད་ཀྱི་གཏི་མུག་སྦྱོང། དེ་འདྲའི་རྣམ་སྣང་གི་མེ་ལོང་ཡེ་ཤེས་དང་དེའི་ས་བོན་བསྐྱེད་པའི་ ༈ [356B] འགྲོ་བ་རྣམས་ཀྱིས་ མཛད་པ། ༈ སྣང་མཐའ་འདོད་ཆགས་སྦྱོང་བ་དང་དེ་དག་པའི་ ལྷ་ཡིན། ། ༈ ཀྱི་གཙོ་བོ་ཆོས་སྟོན་པའི་གསུང་གི་འཕྲིན་ལས། དེ་ མི་དགེ་བ་ལྕི་ཤོས་ སྤོང་ནུས་པ། དེས་ན་ཉོན་མོངས་སོགས་ སྒྲིབ་པ་ ཀྱི་རང་བཞིན་ བརྩེ་བའི་བདག་ཉིད་ཅེས་པའི་དོན་གྲུབ་ཕྲག་དོག་སྦྱང་བའི་ལྷ། དེ་ཡང་མཛོད་ལས། ཕྲག་དོག་ཁོང་ཁྲོའི་རྒྱུ་ལས་བྱུང། །ཞེས་གསུངས་ [357A]༄༅། །བརྩེ་བ་ཁོང་ཁྲོ་འགལ་བར་ཞུགས་ནས་དེ་སྦྱོང། འདི་ལ་ཆག་གིས། བཀྲ་ཤིས་གང་ཞིག་ལས་ཀྱི་རིགས་ནི་མཐའ་དག་ལྡན། ལོག་པར་སྨྲ་འདོད་རྣམས་ལ་བརྩེ་བའི་བདག་ ཉིད་ཅན། དེ་ཡི་དག་ཐབས་བརྗོད་པས་དེ་ནི་སེལ་བ་པོ། ཞེས་དང། པ་ཚབ་ཀྱིས། རྫུན་སྨྲ་དགའ་བ་རྣམས་ལ་བརྩེ་བའི་བདག་ཉིད་ཅན། །དེ་སྦྱོང་ཐབས་གསུང་བ་ཡིས་དེ་དག་ མི་བསླུ་བ། །ལས་ཀྱི་རིགས་མཐའ་དག་དང་ལྡན་པའི་བཀྲ་ཤིས་གང། །ཞེས་བསྒྱུར། དབང་དོན་དུ་བཀོད་པ་ཟུང་གསལ་གྱི་འགྱུར་དང་མཐུན། བཀྲིས་ཀྱི་ཚེ་རོལ་མོ་བྱ་བ་ནི། སཾ་ བུ་ཊར། རྡོ་རྗེ་དྲིལ་བུའི་སྒྲ་དང་བཅས། །རང་འདོད་བཀྲ་ཤིས་གླུ་བླངས་བྱ། །ཞེས་སོ། བུ་སྟོན་གྱིས་རྡོར་འབྱུང་ཊིཀྐར་འཇམ་དཔལ་རྩ་རྒྱུད་ལུང་དྲང་ནས་རྣམ་རྒྱལ་བུམ་པ་ འདེགས་མི་རུང་བར་གསུངས་ཀྱང། སྔགས་རིམ་ལས། འདིའི་དུས་སུ་སློབ་དཔོན་རྣམས་ཀྱིས་བུམ་པ་བཏེགས་ནས་སློབ་མ་ལ་ཤིས་པ་བྱེད་དེ། ཟུང་གསལ་ལས། བུམ་པ་བཟུང་ སྟེ་བཀྲ་ཤིས་པའི། ཚིགས་སུ་བཅད་པ་ཐོག་མར་བཀླག་ཅེས་གསུངས་སོ། །ཞེས་པ་ལྟར་ལས་རྡོས་བུམ་པ་བཏེགས། དེ་ནས་སྙིང་པོ་རྒྱན་གྱི་བཞི་པར་འབྱུང་བའི་ཚིགས་བཅད་ [357B] ྾ ཞེས་སྤྲོ་བ་བསྐྱེད། རྩ་རྒྱུད་ལེའུ་བཅུ་དྲུག་པར། བུམ་པ་དམ་ཚིག་ །བཟུང་བར་མཁས་པ་དག་གིས་བསྒོམ། །ཞེས་པ་ལྟར་ དེས་མཚོན་རྒྱལ་བ་ཡབ་ཡུམ་ཐམས་ཅད་ཀྱིས་ཕྱག་ན་བུམ་པ་ཐོགས་པར་མོས་པ་སྔགས་རིམ་དགོངས་པའོ། །ཀྱེ་རྡོར་ལས་རིམ་ཆོ་ག་ལས་འབྱུང་བ། དབང་བསྐུར་རྡོ་རྗེ་ ྾ སོགས་ སྤྱི་བོར་འཐོར་བ། མགོ་བོར་འཇོག་ཡོ་གར་གསུངས་པ་ལྟར་བུམ་ཆུ་འཐུང་དུ་བཅུག་ཀྱང་ཆོག་གོ་བུམ་པ་མང་པོ་ཡོད་ན་སྔོན་དུ་རྣམ་རྒྱལ། ་དེ་ནས་རིགས་ལྔ་རིམ་གྱིས་ བསྐུར་བ། ་བུམ་པ་ཐམས་ཅད་ཀྱི་ཆུ་དུང་ཆོས་སམ་ཐོད་པར་བསྡུས་ནས་བསྐུར་བ། ་རྣམ་བུམ་གཅིག་བུས་བསྐུར་བ་དང་གསུམ་ཕྲེང་བར་གསུངས། འདོར་མི་རུང་བས་ ཁམས་གསུམ་པོས་ཕྱག་བྱས་པ་ནི་དེ་ལས་རྒྱལ་བ་དང། ཕྱག་བྱ་བའི་འོས་སུ་གྱུར་པའི་དབང་དེ། རྗེ་འཆང་གི་ དེའི་རིགས་སུ་སྐྱེས་པ་ཁྱོད་ལ་ངས་ ཨོཾ་མ་ཧཱ་སུ་ཁ་ [358A]༄༅། །སྔགས་དོན་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔས་དབང་བསྐུར་བར་བགྱི་བས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངའ་བདག་ཉིད་ཀྱིས་ཉེ་བར་བདག་ལ་བརྟན་པར་མཛོད་ཅིག་ ཅེས་སོ། །ཡང་ན། སངས་རྒྱས་རྡོ་རྗེའི་རིགས་མི་བསྐྱོད་ པའི་ངོ་བོ་ཆུ་དབང་གིས་ཁྱོད་ལ་དབང་བསྐུར་རོ། །ཞེས་སོ། །སྔགས་ཕྱི་མའི་དོན་བདག་ནི་རྡོ་རྗེའི་ཆུས་དབང་བསྐུར་གྱི། ཁྱོད་རབ་ཏུ་དགའ་བར་གྱིས་ཤིག་ཅེས་དང། ཨོཾ་ཨཱ་ཧཱུཾ་ གསུམ་ནི་ས་བོན་ནོ། །བསྡུས་ན་སྔགས་སྔ་མ་བཞག་ནས་ཕྱི་མ་གཅིག་པུ་བརྗོད་ཆོག་པ་ཕྲེང་བའི་དགོངས་པའོ། །སྔགས་གཉིས་ཉི་ཤུ། ཟུང་གསལ། ཕྲེང་བ་རྣམས་སུ་གསལ། ཅུང་ མི་འདྲ། དེ་ནས་སྔགས་རིམ་ལས་གསུངས་པ་བཞིན་བུམ་པ་འཇོག་པ་སོགས་དབང་ལྔ་པོ་དེའི་རྒྱུ་ཡིན་གྱི། ངོ་བོ་མ་ཡིན། ངོ་བོ་བདེ་སྟོང་སྐྱེས་པར་མོས་དགོས་པ། ཕྲེང་བ་ལས་ ཀྱང་དེའི་ཚེ་དེས་བདེ་ཆེན་ཕུན་སུམ་ཚོགས་པར་འགྱུར་རོ། །ཞེས་གསལ་བར་བྱའོ། །ཞེས་སོ། །དེས་སྡིག་སྒྲིབ་སྤྱི་དང་ཁྱད་པར་ཞེ་སྡང་མི་བསྐྱོད་རིགས་ཀྱི་བསྒོམ་བཟླས་དང་ [358B] རང་རྒྱུད་ཀྱི་རྣམ་ཤེས་ཀྱི་ཕུང་པོ་གནས་འགྱུར། འབྲས་དུས་ཀྱི་ཆོས་དབྱིངས་ཡེ་ཤེས་མངོན་དུ་ བྱས་པར་མོས། ཞེ་སྡང་དག་རིགས་ཀྱི་བསྒོམ་བཟླས་དང་དངོས་གྲུབ་སྒྲུབ་པ་ལ་དབང་བར་མོས། དེ་ལྟར་རྫས་དང་མོས་པ་སོགས་ཀྱི་རྟེན་འབྲེལ་ལས་ནུས་པ་ཁྱད་ཅན་འཇོག་དེ་ དབང་གི་དངོས་གཞི་ཡིན་གོ་བརྡའ་འཕྲོད་ངེས་དགོས། དེ་འདྲ་ནུས་པའི་ལྡན་མིན་འདུ་བྱེད་སྐྱེས། དེ་རྒྱུས་བཞག་པའི་ཆ་ནས་བག་ཆགས། འབྲས་བུ་ཆོས་དབྱིངས་ཡེ་ཤེས་སོགས་ བསྐྱེད་པའི་ཆ་ནས་ས་བོན། བསྒོམ་བཟླས་ལ་དབང་བ་སོགས་ཀྱི་མཐུ་ཡོད་པས་ནུས་པ་ཞེས་བྱ། ངོ་བོ་མི་འདྲ་བ་མེད། མཛོད་འགྲེལ་རྒྱལ་སྲས་མར། ནུས་པ་དང་ས་བོན་དང་ བག་ཆགས་ཞེས་བྱ་བ་འདི་ནི་དོན་གཅིག་གོ། ཞེས་གསུངས་པ་ལྟར། དེ་ཡང་ཉོན་མོངས་མ་སྤངས་པའི་གང་ཟག་རྒྱུད་ཀྱི་ས་བོན་དེ། ཉོན་མོངས་སྔ་མས་བཞག་པས་བག་ཆགས་ ཉོན་མོངས་ཕྱི་མ་བསྐྱེད་པའི་ཆ་ནས་ས་བོན། ཉོན་མོངས་སྔ་མས་ཕྱི་མ་བསྐྱེད་རུང་དུ་བྱས་པའི་མཐུ་ཡིན་པ་དང། ལམ་ལ་སྒྲིབ་པའི་མཐུ་ཡོད་པས་ནུས་པ་ཞེས་ལྡོག་ཆ་ཙམ་ལས་ངོ་ [359A]༄༅། །བོ་གཅིག། ཉོན་མོངས་སྤངས་ཟིན་པའི་ཉན་རང་དགྲ་བཅོམ་ལྟ་བུར། ཉོན་མོངས་ཀྱི་བག་ཆགས་ནི། ནུས་པ་བག་ཆགས་ཡིན་ཡང། ཉོན་མོངས་ཕྱི་མ་སྐྱེད་པར་མི་བྱེད་ པས་དེའི་ས་བོན་མ་ཡིན་པའི་ཁྱད་པར་ཡོད། དེས་ན་བག་ཆགས་བཞག་བྱུང་སྙམ་པའི་དམིགས་པ་མ་བྱས་ཀྱང། དམིགས་པ་གཞན་བྱུང་ན་རང་ཤུགས་ཀྱིས་འབྱུང། དེ་ལྟར་མོས་ ན་ཕུན་སུམ་ཚོགས་པར་འགྱུར། དེ་ནས་རྒྱས་འདེབས་བྱེད་བྱེད་ཉི་ཤུ་པ་སོགས་སུ་མི་གསལ། སྙེ་མ་བཅུ་གཉིས་པ་ལས། དེའི་ཕྱིར་དབང་བསྐུར་བའི་ཁུ་བས་སྤྱི་བོར་གནས་པས་ རྒྱས་གདབ་པར་རིགས་ཀྱི་དབྱེ་བས་འགྱུར་རོ། །ཞེས་ཕྲེང་བར་སློབ་དཔོན་གྱི་དབང་གི་སྐབས་རྒྱས་འདེབས་བྱ་བར་དངོས་སུ་གསུངས་པས་དབང་གཞན་ལའང་མཚོན་ནས་བསྟན་པ་ ལྟར་དང། རྒྱས་གདབ་ཚུལ། འཁོར་ལ་གཙོ་བོས། རྒྱུ་ལ་འབྲས་བུས། འབྲས་བུ་ལ་རྒྱུས་རྒྱས་གདབ་པ། ཆོས་སྐུ་ལ་གཟུགས་སྐུས་རྒྱས་གདབ་པ་བཅས་ཡོད། མན་སྙེར། མི་ བསྐྱོད་པས་གཤེགས་པ་གཞན་བཞི་ལ་རྒྱས་བཏབ་པ་ནི་རང་བཞིན་ཅན་ལ་རང་བཞིན་གྱིས་རྒྱས་བཏབ་པའི་དོན་དུ་གསུངས་ལ། དེ་ནི་ཨ་བྷྱས་ཕྱི་དོན་མི་བཞེད་པས། སྦྱང་གཞི་གཟུགས་ [359B] དབང་ལྷའི་བ་སྤུའི་སྒོ་ནས་སྙིང་ཁའི་ཐིག་ལེ་ལ་ཐིམ་པར་མོས། དྭ་རི་ཀ་པས། མཆོད་དེ་ དག་པ་སྤྱིན་པར་བྱ། །ཞེས་པ་ལྟར་དག་པ་བརྗོད་པར། དབང་འདིས། ཕུང་པོ་དང་ཉོན་མོངས་འདི་སྦྱོང་ཞེས་སྤང་བྱ་དག་པའི་ཆ་ནས་བཤད་པ་དང། ཡེ་ཤེས་ལྔ་སོགས་འདི་དང་ འདིའི་ནུས་པ་འཇོག་དག་པ་དེའི་ངོ་བོར་གྱུར་ཞེས་ཡོན་ཏན་གྱི་ཆོས་སུ་དག་པ་བཤད་པ་གཉིས་ཡོད། དང་པོ་ནི། རྡོར་ཕྲེང་ལེའུ་ཞེ་ལྔ་པར། ཕུང་པོ་ལྔ་ཡི་རྣམ་དག་པས། །ཐོག་ མར་ཆུ་ནས་མིང་གི་མཐར། །དབང་བསྐུར་བ་ནི་མཆོག་ཏུ་ཤེས། །རྨད་བྱུང་ཆེན་པོ་བཤད་པར་བྱ། །ཞེས་དང། པྲཛྙར་ཀྵིཏའི་གསུང་ལྟར། ཆུ་དབང་གིས་རྣམ་ཤེས་དང་ཞེ་སྡང་ ཅོད་པཎ་གྱིས་ཚོར་བ་དང་སེར་སྣ། རྡོ་རྗེས་འདུ་ཤེས་དང་འདོད་ཆགས། དྲིལ་བུས་འདུ་བྱེད་དང་ཕྲག་དོག་མིང་གི་དབང་གིས་གཟུགས་ཕུང་དང་གཏི་མུག་དག་པ། ཡོན་ཏན་ཆོས་ སུ་དག་པ་ཡང། རྡོར་ཕྲེང་ལས། སངས་རྒྱས་ལྔ་ནི་དག་པ་འདི། །དབང་བསྐུར་ལྔ་ནི་ཐོབ་པར་འགྱུར། །མ་རིག་པ་ནི་བསལ་ནས་ནི། །ཡེ་ཤེས་ལྔ་ནི་ཐོབ་པར་འགྱུར། །ཞེས་ [360A]༄༅། །སངས་རྒྱས་རིགས་ལྔ་དང་ཡེ་ཤེས་ལྔའི་ངོ་བོར་དག་པར་གསུངས་པ་བཞིན། སྡོམ་འབྱུང་ལས། དབང་ལྔ་དེ་བཞིན་གཤེགས་བདག་ཉིད། །ཞེས་དེ་ལྔའི་ངོ་བོར་གསུངས་ ཕྲེང་བར། དབང་ལྔས་ཡེ་ཤེས་དེ་དག་གི་ས་བོན་རྒྱས་པར་བྱེད་པའི་ཕྱིར། དེ་དག་གི་བདག་ཉིད་དུ་མོས་པར་བྱའོ། །གྲུབ་ཆེན་ཛ་ཝ་རི་བའི་ཕྱག་རྡོར་དཀྱིལ་ཆོག་ལས། སངས་རྒྱས་ ལྔ་ནི་རྣམ་དག་རྒྱུ། །དབང་ལྔ་ཡིས་ནི་ཐོབ་པ་ཡིན། །མ་རིག་པ་ལས་འདས་ནས་ཀྱང། །ཡེ་ཤེས་ལྔ་ནི་རིམ་གྱིས་ཐོབ། །ཞེས་དང། ལཱ་བ་པས་ཀྱང། དབང་ལྔ་རང་བཞིན་རྣམ་ དག་གི་ཆོས་ཉིད་དང། ཉོན་ཡིད་དང། ཡིད་ཤེས་དང། སྒོ་ལྔའི་ཤེས་པ་དང། ཀུན་གཞི་རྣམས་གནས་གྱུར་པའི་ཆོས་དབྱིངས་ཡེ་ཤེས་མེ་ལོང་ཡེ་ཤེས་བར་གྱི་རང་བཞིན་དུ་ བཤད་པས། དབང་པོ་བདེ་གཤེགས་ལྔ་དང་ཡེ་ཤེས་ལྔའི་ངོ་བོར་མོས་དགོས། དབང་པོ་ལྔ་པོ་དེས། དེ་ལྟར་ཐོབ་པའི་ནུས་པའང་འཇོག་གོ། འདིར་ལཱ་བ་པས་ཀུན་གཞི་ཉོན་ཉིད་ བཤད་ཚུལ། སེམས་ཙམ་རང་ལུགས་ཙནྡྲ་གོ་མིས་གནས་གྱུར་ཚུལ་བཤད་པ་དང་མཐུན་པར་སྣང་བས་ཚོགས་དྲུག་ལས་ཐ་དད་པ་ལྟ་བུར་འདུག་ཀྱང། ལཱ་བ་པས་མཛད་པའི་ལཱུ་ཨི་ [360B] དུར་ཁྲོད་བརྒྱད་ཀྱིས། རྣམ་ཤེས་བརྒྱད་བདག་མེད་པ་མཚོན་པར་གསུངས་པ་ལ། འདོད་འཇོར་ཚོགས་དྲུག་ལས་ཐ་དད་པའི་ཀུན་ཉོན་ བཞེད་མིན་དཔྱད་གཞིར་གསུངས་སོ། །དེ་ནས་ཅོད་པཎ་དབང་ལ། སློབ་མ་ཁྲུས་དཀྱིལ་ལས་བབས་གོས་དམར་པོ་གསར་པ་གྱོན། རྒྱན་རིན་པོ་ཆེས་སྤྲས། གདུགས་དཀར་པོ་ལག་ ཏུ་ཐོག་ནས། བདེ་བ་ཆེན་པོ། ཞེས་སོགས་རྗེས་ཟློས་ཀྱིས་རང་དགའ་བ་བསྐྱེད་པའི་གླུ་བླངས་པའི་འོག་ཏུ་བླ་མས་སྣ་དྲང་དཀྱིལ་འཁོར་ལ་བསྐོར་བ་གསུམ་བྱ་བའམ་དེར་མོས་ནས་ ཤར་སྒོར་འཇམ་པའི་སྟན་ལ་འཁོད་པར་མོས་ནས། བྱང་ཆུབ་རྡོ་རྗེ་སོགས་གསོལ་བ་བཏབ། ཆུ་དབང་གི་ ལུས་སེམས་ལས་རུང་གི་བདེ་བ་དང། རླུང་ སྦྱོར་སོགས་ཀྱིས་བྱུང་བའི་རྒྱུད་སྡེ་འོག་མའི་ཐུན་མོང་གི་བདེ་བ་དང་མི་འདྲ་བར་ དེ་ཤེས་རབ་སྟོང་པ་དང་དབྱེར་མེད་པས་ན་ དེ་ལས་མཆོག་མེད་པས་ དེ་ཁོ་ན་ཉིད་རྟོགས་པས་ [361A]༄༅། །སྟོང་ཉིད་མངོན་སུམ་དུ་རྟོགས་པས་ དེ་ལྟ་བུའི་དབང་གི་ཡེ་ཤེས་དེའི་མཐུས་འབྲས་བུ་རྡོ་རྗེ་སེམས་དཔར་ཏེ་མི་བསྐྱོད་པར་འགྲུབ་པའི་ནུས་པ་བཞག་སྟེ་སྐལ་ བ་ཅན་དུ་ ། དེ་འདྲའི་དཀྱིལ་འཁོར་དུ་ མཐུས་ དངོས་གྲུབ་ བསྐུར་བླ་མེད་པ་བདག་གིས་ཐོབ་བོ། བར་ [361B] ཡང་ན། རྒྱལ་བར་གྱུར་རོ། །རྒྱལ་ ལོ་ཞེས་བཤད་ཀྱང་རུང་ངམ་སྙམ། འདིར་རིག་པའི་དབང་ལྔ་ག་ལ་གསོལ་འདེབས་རེ་མཛད་པ་ནི། རྡོར་ཕྲེང་ལས། སློབ་མ་རྡོ་རྗེའི་དབང་བསྐུར་ཕྱིར། །སླར་ཡང་བླ་མ་ལ་ གསོལ་འདེབས། །ཞེས་རྡོ་རྗེའི་དབང་གི་སྐབས་གསུངས་པས་གཞན་ལ་མཚོན་ནས་བསྟན་པ་དང། ཕྲེང་བའི་དགོངས་པ་ལྟར་རྒྱས་པ་ཡིན། ཆུ་དབང་འགྲོ་གཅིག་པུ་མཛད་པ་ བསྡུས་པའི་ལུགས་སོ། །སའམ་ཏྲཾ་ལས་རིན་འབྱུང་བསྐྱེད། རང་གནས་ནི། ཉི་ཤུ་པ། དབང་དོན། ཟུང་གསལ་ལྟར་ན་ཤར་སྒོའི་འབོལ་སྟན་དང། འཕྲེང་བར་ཡང་ཆུ་དབང་དང་ རྡོ་རྗེ་སློབ་དཔོན་དབང་གི་སྐབས་ཁྲུས་སྟེགས་ལ་འཇོག་པར་གསུངས་པ་ལས། གཞན་ལ་མ་གསུངས་པས་དགོངས་པ་མཐུན་འདྲ་སྙམ་ཡང། དེང་སང་རྡོར་ཕྲེང་དབང་གི་སྐབས་ཅོད་པཎ་ ཁྲུས་དཀྱིལ་གྱི་རིན་འབྱུང་མཚན་མའི་སྟེང་དང། རྡོ་རྗེའི་དབང་ལ། འོད་དཔག་མེད་ཀྱི་མཚན་མའི་སྟེང་འགོད་པ་སོགས་ཀྱི་གསུང་རྒྱུན་འདུག་པས། དབང་དོན་ཡང་གསལ་ལྟར་ [362A]༄༅། །དངོས་གཞིའི་སྐབས་ཤར་སྒོར་སྟན་དང། མཐའ་རྟེན་ཆུ་དབང་སྐབས་ཁྲུས་དཀྱིལ་ལ་བཀོད་ན་དགོངས་པ་དང་མཐུན་སྙམ་ཡང། ཁ་མཚོན་གཅོད་མི་ནུས་པར་གསུངས་ འདིར་དབང་དོན་ལས་རིན་འབྱུང་ཡུམ་མི་གསལ། ལྷན་ཐབས་སུ་མ་མ་ཀི་གསུངས་པ་ནི། གསུམ་པའི་སྒྲོན་གསལ་ལས། སངས་རྒྱས་འབར་བའི་འོད་དང་མཉམ་ཞེས་བྱ་བ་ནི་ རང་གི་བདག་པོའི་སྐུ་མདོག་དང་འདྲ་བའོ། །ཞེས་མ་མ་ཀི་ནི་རྡོ་རྗེ་དང་རིན་པོ་ཆེའི་རིགས་གཉིས་འཛིན། རིན་ཆེན་རིགས་ཀྱི་ཡུམ་དུ་འགྲོ་བའི་ཚེ་སེར་ནག་དཀར་བ་དང། ཕྱག་ མཚན་རྡོ་རྗེ་ནོར་བུར་བསྒྱུར་བའང། ལེའུ་བཞི་པའི་སྒྲོན་གསལ་ལས། གང་གི་ཚེ་རིན་པོ་ཆེའི་རིགས་ལ་ལྟོས་པར་གྱུར་པ་དེའི་ཚེ་ནི་རིན་པོ་ཆེ་ཡང་མཱ་མ་ཀཱིའི་ཕྱག་མཚན་དུ་འགྱུར་ཏེ་ རྡོ་རྗེ་ནི་མ་ཡིན་ནོ། །ཞེས་བྱ་བར་དགོངས་སོ། །ཞེས་པའི་དགོངས་པ། ཡང། རིན་འབྱུང་ཡུམ་ལ་རིན་ཆེན་སྒྲོལ་མ་བྱེད་པའི་སྐབས་ཀྱང་ཡོད། འདིར་ཕྲེང་བ་ལས། སྤྲོ་བ་ བསྐྱེད་པའི་བར་བྱ་བར་གསུངས་པ་ནི། ཏིལ་གྱི་གང་བུ་ ྾ སོགས་ཡིན་པས། ངག་འདོན་ལྷན་ཐབས་སུ་མི་གསལ་ཡང་མ་ཆད་པ་དགོས། ཚིག་དོན་མཐའ་རྟེན་ཆུ་དབང་ཡོད་པས་ [362B] ཡང་ན། རྒྱལ་བ་ཅོད་པཎ་འཛིན་པ་ཡིས། །ཞེས་བསྒྱུར་ཡང་སྐབས་སུ་བབས་སྙམ། ཉི་ཤུ་པར། སྤྱི་བོའི་གཙུག་དང་ལྟག་པ་དང། །དེ་བཞིན་མགོ་བོའི་ངོས་ གཉིས་དང། །རྒྱབ་ཏུ་ཕྱག་རྒྱ་བཞག་ནས་ནི། །གསང་སྔགས་འདི་དག་བརྗོད་པར་བྱ། །ཨོཾ་བཛྲ་ ྾ ཞེས་སོགས་མཐར། དབང་བསྐུར་རིམ་པས་སངས་རྒྱས་ལྔའི། །ཅོད་པཎ་ ཅན་ལ་དར་དཔྱངས་དང། །བྱས་ནས་མཉམ་པར་གྱུར་པ་ཡི། །ཐལ་མོ་ཡི་ནི་མཉེས་པར་བྱ། །ཨོཾ་བཛྲ་ཏུ་ཤྱ་ཧོ། །ཞེས་ཕྱག་བརྒྱ་གནས་ལྔར་བཏུགས་ནས་རིགས་ལྔས་དབུ་བརྒྱན་ གསུངས་ཀྱང། ཕྱག་བརྒྱ་འཆིང་ཚུལ་མི་གསལ། ཟུང་གསལ། རྡོ་རྗེ་ཐལ་སྦྱོར་མཐེ་བོང་དག་དཔའ་བོའི་སྐྱིལ་ཀྲུང་ཉིད་དུ་བསྐུམས། །རྩེ་མོ་རྩེ་མོ་མཉམ་པར་སྦྱར། །བར་མ་ མཆོག་གི་ཡན་ལག་ཀྱང། །རྡོ་རྗེ་དབྱིངས་ཀྱི་ཕྱག་བརྒྱར་བཤད། །ཅེས་དང། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། །ལག་གཉིས་རྡོ་རྗེ་བསྡམས་པའི་རྒྱ། །དེ་ཡི་དབུས་མ་རྩེ་སྦྱར་བ།། སེམས་མ་རྡོ་རྗེའི་ཕྱག་རྒྱ་ཡིན། །ཞེས་སོགས་གསུངས་པ་བཞིན་ཕྱག་རྒྱ་འཆིངས། སྔགས་སྔ་མ་ལྔའི་དོན་ནི། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་དབང། སེམས་མ་རྡོ་རྗེ་མའི་དབང་ [363A]༄༅། །རིན་ཆེན་རྡོ་རྗེ་མའི་དབང། ཆོས་ཀྱི་རྡོ་རྗེ་མའི་དབང། ལས་ཀྱི་རྡོ་རྗེ་མའི་དབང་ཞེས་པ་དང། ཧཱུཾ་བཧྲུཾ་ཨ་ཧྲི་ཏཱཾ་ལྔ་ནི། རྡོ་རྗེ་མ་ལྔའི་ས་བོན་ཡིན། སྔགས་ཕྱི་མའི་དོན་ནི་ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་པོ་ཆེའི་ཅོད་པན་མཆོད་པའི་ཆེད་དུ་ལྷག་པར་ཞི་བར་བགྱིའོ། །བཛྲ་ཏུ་ཤྱ་ཧོ་ནི། རྡོ་རྗེ་དར་དཔྱངས་མཉེས་པར་བྱ། ཞེས་པ་སྟེ། འདི་ བརྗོད་ཚེ། དར་དཔྱངས་རྣ་ལྟག་གཡས་གཡོན་དཔྱངས་ནས་མཉམ་པའི་ཐལ་མོས་མཉེས་པར་བྱ། ཅོད་པན་ལས་བདུད་རྩི་འབེབས་སྦྱངས་སོགས་གོང་དང་འདྲ་བས། དེ་བཞིན་ གཤེགས་པའི་གཙུག་ཏོར་འགྲུབ་པའི་ནུས་པ་བཞག་མཐའ་རྟེན་ཆུ་དབང་སྔགས་དོན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བའི་དམ་ཚིག་དཔལ་གྱི་ཆེད་དུ་གཞི་ཚུགས་ དམ་པ་འགས་ཆུ་དབང་གི་རྗེས་སུའང་མཐའ་རྟེན་ཆུ་དབང་མཛད་ཅིང། དེ་ཡང་དབང་དྲུག་ཀ་ལ་བུམ་པའི་ཆུའི་བྱ་བ་རྗེས་སུ་འགྲོ་ཞེས་པའི་དགོངས་པར་མཛད་མོད་ཀྱང། སྔགས་ རིམ་ལས། དེས་ན་དབང་ལྔའི་དང་པོ་ཆུ་དབང་དང། དབང་གཞན་ལ་མཐའ་རྟེན་ཆུ་དབང་བསྐུར་བ་གཉིས་ཀྱང་མི་གཅིག་གོ། ཞེས་གསུངས་པའི་ཤུགས་ཀྱིས་དང་པོར་མཐའ་རྟེན་ [363B] རིགས་བདག་རིགས་སོ་སོའམ་མི་བསྐྱོད་པ་གདམ་ངར་གསུངས། དག་པ། ང་རྒྱལ་ནི་ཁེངས་པ། སེར་སྣ་ནི། རྙེད་བཀུར་ལ་ཆགས་ནས་ཡོ་ བྱད་མ་བསྙུངས་པའི་རྟེན་བྱེད་པའི་ལས་ཅན། མཉམ་ཉིད་ཡེ་ཤེས་ནི། སེམས་ཅན་ཐམས་ཅད་བདག་གཞན་མཉམ་ཉིད་དུ་འཇུག་པའི་སེམས་མཐར་ཐུག་པ་ཡིན་པར་སྙེ་མ་བཞི་པར་ གསུངས། མདོ་སྡེ་རྒྱན་ལས། སྒོམ་པ་དག་པ་སེམས་ཅན་ལ། །ཅེས་བྱང་སེམས་ཀྱི་དུས་བདག་གཞན་མཉམ་པར་བསྒོམས་པའི་རྒྱུ་ལས། འགྲོ་བ་རྣམས་བདག་མེད་པར་རྟོགས་ནས་ མྱང་འདས་ལ་ཞུགས་པའི་ཡེ་ཤེས་བྱམས་སྙིང་དང་མཚུངས་ལྡན་གདུལ་བྱ་ལ་གང་འདུལ་གྱི་བཀོད་པ་སྟོན་པའི་བྱེད་ལས་ཅན་ནོ། རྡོ་རྗེའི་དབང། ཉི་ཤུ་པར། དེ་ནས་རྡོ་རྗེའི་དབང་ བསྐུར་བ། །སྦྱིན་ཕྱིར་ཚིགས་བཅད་འདི་བརྗོད་ཅིང། །རྡོ་རྗེ་བྱིན་ནས་དྲིལ་བུ་དང། །ལྷན་ཅིག་རྡོ་རྗེའི་བརྟུལ་ཞུགས་སྦྱིན། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །ཅེས་སོགས་ སྔགས་བཅས་གསུངས། རྡོ་རྗེ་ཨཱ་འམ་ཧྲིཿ་ལས་བསྐྱེད། སངས་རྒྱས་ཐམས་ཅད་ཀྱི་བདེ་སྟོང་ཡེ་ཤེས་ [364A]༄༅། །དེ་ བདེ་སྟོང་གི་ རྡོ་རྗེ་ལོངས། རྡོ་རྗེའི་དམ་ཚིག་ལ་གནས་པ་ཁྱོད་ལ་རྡོ་རྗེ་ བདག་པོའི་དབང་བགྱིའོ། །ཁྱོད་ཀྱིས་མནོས་ཤིག་ཅེས་པའོ། །ལཱ་བ་པའི་དཀྱིལ་ཆོག་ཏུ། རྡོ་རྗེ་དམ་ཚིག་གནས་པ་ཁྱོད། །བདག་པོའི་དབང་བསྐུར་རྒྱལ་མནོས་ཤིག་ཅེས་བསྒྱུར་ རྡོ་རྗེ་སློབ་མའི་གནས་གསུམ་དུ་རེག་པ་ནི། ཟུང་གསལ་ལས། དམིགས་ཏེ་སློབ་མའི་སྙིང་ཁ་རུ། །རྡོ་རྗེ་གཏད་དེ་རྡོ་རྗེ་ཡིས། །མགྲིན་གཙུག་གཏུགས་ཏེ་འདི་སྐད་བརྗོད། །ཞེས་ པ་དང་ཕྲེང་བའི་དགོངས་པ་ཡིན། སློབ་མས་ཀྱང་ལག་གཡས་ཀྱིས་རྡོ་རྗེ་བླངས་ཏེ་ལྷའི་ང་རྒྱལ་དང་བཅས་རྡོ་རྗེ་གསོར་བ་རེ་བྱེད་པ་ནི། ཉི་ཤུ་པར། སློབ་མ་རྡོ་རྗེ་སྙེམས་འཛིན་ཅིང།། ལྷ་ཡི་སྙེམས་པ་འཛིན་པ་ཡིས། །རྡོ་རྗེ་སེམས་དཔའི་ཏིང་འཛིན་གྱིས། །འདི་ལྟར་རྡོ་རྗེ་གསོར་བར་བྱ། །ཞེས་དང། ཟུང་གསལ་ལས་ཀྱང་འབྱུང། འདིར་བཤད་རྒྱུད་རྡོར་ཕྲེང་ལས་ [364B] །རྡོ་རྗེའི་བརྟུལ་ཞུགས་ངས་བྱིན་གྱི། །གང་གིས་མ་རིག་སྒོ་ང་འབྱེད། །ཡེ་ཤེས་ཐོབ་འགྱུར་ང་ཡིས་བྱས། །ཞེས་སོགས་རྡོ་རྗེའི་བརྟུལ་ཞུགས་དང་ རྡོ་རྗེའི་དབང་ཕྱོགས་གཅིག་ཏུ་སྦྱིན་པར་གསུངས་པ་བཞིན། ཉི་ཤུ་པར། རྡོ་རྗེ་དབང་གི་མཇུག་ཏུ། འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཞེས་ སོགས་འཐུད་ནས་རྡོ་རྗེའི་དབང་དང་དེའི་བརྟུལ་ཞུགས་ཕྱོགས་གཅིག་མཛད་པ་དང་མཐུན་པར། ཆེན་པོ་གཞན་མང་པོས་དེ་གཉིས་དང་རྡོ་རྗེའི་དམ་ཚིག་སྦྲེལ་ཞིང། དྲིལ་བུའི་དབང་དང་ དྲིལ་བུའི་དམ་ཚིག་ཀྱང་སྦྲེལ་ནས་བསྐུར་བ་ཡོད་ལ། བྷ་བ་བྷ་དྲས། དྲིལ་བུའི་དབང་གི་རྒྱུན་ཉིད་ལ་ཕྱག་རྒྱའི་དམ་ཚིག་ཀྱང་བྱིན་ཏེ། དེ་རྣམས་ཀྱིས་མིང་དབང་གོང་དུ་རྡོ་རྗེ་སློབ་ དཔོན་གྱི་དབང་བསྐུར་བའང་མཛད་དོ། །ཟུང་གསལ་ལས། རྡོར་དྲིལ་དམ་ཚིག་རྡོ་རྗེ་སློབ་དཔོན་གྱི་དབང་གི་སྐབས་སྟེར་བ་དང། རྡོ་རྗེའི་བརྟུལ་ཞུགས་སློབ་དཔོན་གྱི་དབང་གི་རྗེས་ སུ་མཛད་པ་སོགས་སྔ་ཕྱི་སོ་སོར་ཕྲལ་བ་ལྟར། ལཱ་བ་པ། དྭ་རི་ཀ་པ། ཨ་བྷྱ་རྣམས་ཀྱིས་ཀྱང་མཛད་དེ། བྷ་བ་བྷ་དྲ་སོགས་ཀྱི་དགོངས་པའང་དེ་དག་དང་མཐུན་པར་བཀྲལ་ན་ [365A]༄༅། །ལེགས་ལ། འོན་ཀྱང། དབང་དོན་རྡོ་རྗེ་དབང་དང་རྡོ་རྗེའི་བརྟུལ་ཞུགས་གཉིས་པོ་རེ་རེ་ལ་གཉིས་ཀའི་དགོས་དོན་གཙོ་བོ་ཚང་བ་བྱར་ཡོད་པས། ཉི་ཤུ་པའི་དངོས་ཟིན་ ལྟར་ཕྱོགས་གཅིག་བྱས་ཀྱང་ཆོག་པར་གསུངས། རྡོ་རྗེ་དབང་ནི་འོད་དཔག་མེད་དུ་བསྐྱེད་པའི་རྡོ་རྗེ་སློབ་མ་ལྷ་དེར་བསྐྱེད་པ་ལ་བྱིན་ནས་རྒྱལ་བའི་ཐུགས་འགྲུབ་པའི་ནུས་པ་ཁྱད་པར་ ཅན་འཇོག་པའི་ཆེད་དང། རྡོ་རྗེའི་དམ་ཚིག་ནི། སློབ་མ་རྡོ་རྗེ་འཆང་དུ་བསྐྱེད་པས་ངེས་དོན་གྱི་རྡོ་རྗེ་དྲན་པའི་སྒོ་ནས་ལག་ཏུ་རྡོ་རྗེ་བཟུང་བ་དམ་ཚིག་གསུམ་གྱི་ཡ་གྱལ་གཅིག་བསྒྲུབ་ པའི་ཕྱིར་དུ་ཡིན། རྡོ་རྗེའི་བརྟུལ་ཞུགས་ནི་འདི་ནས་བརྩམས་ཏེ་རྡོ་རྗེ་སེམས་དཔའ་ཐོབ་པའི་ཐབས་སུ་མཚོན་བྱ་དོན་གྱི་རྡོ་རྗེ་ནང་གི་ཡེ་ཤེས་ལྔ་དང་མི་འབྲལ་བར་དགོས་པས་དེ་མི་བརྗེད་ ཕྱིར་དཔེའི་རྡོ་རྗེ་དང་ཡང་མ་བྲལ་བ་དགོས་པས། དེའི་ཕྱིར་སློབ་མ་རྡོ་རྗེ་སེམས་དཔར་གསལ་བ་ལ་སྟེར་བ་ཡིན། དཔེར་ན་དགེ་སློང་དྲན་པ་གསོ་ཕྱིར་མཁན་པོའི་རྣམ་སྦྱར་སྟེར་བ་ བཞིན་ནོ། །སོ་སོར་རྟོག་པའི་ཡེ་ཤེས་ནི། སྙེ་མ་བཞི་པར། རྣམ་རྟོག་མེད་ཀྱང། སྨོན་ལམ་དང། སེམས་ཅན་གྱི་བསོད་ནམས་ཀྱི་མཐུས་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་མ་འདྲེས་ [365B] རྒྱན་ལས། སོ་སོར་རྟོགས་པའི་ཡེ་ཤེས་ནི། །ཤེས་བྱ་ཀུན་ལ་རྟག་མི་ཐོགས། །ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱི། ། གཏེར་དང་འདྲ་བ་ཁོ་ན་ཡིན། །འཁོར་གྱི་དཀྱིལ་འཁོར་རྣམས་སུ་ནི། །འབྱོར་པ་ཐམས་ཅད་སྟོན་མཛད་པ། །ཐེ་ཚོམ་ཐམས་ཅད་གཅོད་མཛད་པའོ། །ཆོས་ཆེན་ཆར་ནི་རབ་ ཏུ་འབེབས། །ཞེས་ཤེས་བྱ་ཐམས་ཅད་ལ་ཐོགས་མེད་རང་སྤྱིའི་མཚན་ཉིད་མ་འདྲེས་པར་སོ་སོར་གཟིགས་པའི་ཡེ་ཤེས་ཏིང་འཛིན་དང། གཟུངས་ཀྱི་སྒོ་རྣམས་ཀྱི་འབྱུང་གནས་སུ་གྱུར་ པ་དང། འགྲོ་བའི་ཐེ་ཚོམ་སེལ། །ཆོས་ཆར་འབེབས་པའི་བྱེད་ལས་ཅན། །དེ་ཡང་སློབ་ལམ་དུ་གཞན་ལ་ཆོས་བསྟན་པའི་རྒྱུ་ལས་བྱུང་བའོ།། ༈ དྲིལ་བུའི་དབང་ལ། སློབ་མ་ཁཾ་མམ་ ཧོ་ལས་དོན་གྲུབ་ཏུ་བསྐྱེད། དེ་ནས་ཉི་ཤུ་པར། དེ་ནས་བླ་མས་བཀའ་སྩལ་པ། མདུན་དུ་དྲིལ་བུ་བླངས་ནས་སུ། །ཚིགས་སུ་བཅད་པ་འདི་འདོན་ཞིང། །རང་གི་ལག་གིས་འདི་ ལྟར་དཀྲོལ། །ཟླ་འདྲའི་ཡེ་ཤེས་སྐུ་མངའ་རྒྱལ་རྣམས་ཅོད་པཎ་འཛིན་ཅིང་པདྨ་ཟླ་བའི་གདན་ལ་བཞུགས། ནས། མངའ་བདག་ཏུ་བཤད་དོ། །བར། དབང་དོན་ལས། དེ་ནས་ [366A]༄༅། །ཨཱ་ལས་བྱུང་བའི་དྲིལ་བུ་དང། ཞེས་གསུངས་པ། ཟུང་གསལ་ལས། ཨ་ཡིག་ལས་བྱུང་དྲིལ་བུ་སླར། །སློབ་མ་ལ་ནི་འབད་པས་སྦྱིན། །ཞེས་པ་དང། ནག་པོ་པའི་ དགོངས་པ་ཡིན། ཟླ་བའི་འོད་ཅན་ནི། དྲིལ་བུ་ཁ་དོག་དཀར་བར་བཤད་པ་འབྲེལ་མི་ཆེ། ཐབས་བདེ་ཆེན་ལ་སྣང་ཕྱོགས་ཡིན་པ་དང། འདོད་ཆགས་ལམ་བྱེད་ཀྱི་མཐུས་ བྱུང་བ་སོགས་ཀྱིས་ཉིན་མོའི་སྒྲས་བསྟན་པ་དང། སྟོང་ཕྱོགས་སམ་ཤེས་རབ་ཕྱོགས་དང་སྟོང་ཉིད་རྟོགས་པའི་ཤེས་རབ་ལ་སྣང་བའི་མཚན་མ་བསྡུས་པ་སོགས་ཀྱི་རྒྱུ་མཚན་གྱིས་མཚན་ མོ་དང། དུས་འཁོར་དང། ཕྱག་ཆེན་ཐིག་ལེ་སོགས་ལས་ཟླ་བའི་སྒྲས་བསྟན་པའང་ཡོད་པ་ལྟར་ ཤེས་རབ་ཀྱི་ དེའི་ངོ་བོ་རྡོ་ རྗེ་དབྱིངས་ཀྱི་དབང་ཕྱུག་མ་སོགས་ཤེས་རབ་མའི་ དེའི་སྟེང་མི་བསྐྱོད་པ་སོགས་ རྩེ་ལྔ་པ་ དེ་ཡང་བྱང་སེམས་བརྒྱད་མཚོན་པའི་ བདེ་ཆེན་བྱང་ཆུབ་སེམས་མཚོན་པའི་ [366B] དེ་འདྲ་བའི་དྲིལ་བུས་ བཅད་ནས་ དེ་ལྟར་ཉོན་མོངས་བག་ཆགས་བཅས་ པའི་ཤེས་རབ་མཚོན་བྱེད་ཤེས་རབ་མའི་ཞལ་དེ་ནི་ དེ་ནི་སཾ་བཧུ་ཊར། ཡི་གེ་བརྒྱད་ཀྱི་ས་བོན་ནི། །ཕྱོགས་ནི་ བརྒྱད་དུ་རྣམ་པར་དགོད། །ཤར་དུ་ལྷ་མོ་སྒྲོལ་མ་སྟེ། །ཞེས་དང། གདན་གཞི། རྡོ་རྗེ་མཁའ་འགྲོ། བཟང་པོ་ཡོངས་བཟུང་སོགས་མཐུན་པར། དྲིལ་བུའི་སྟེང་གི་པད་མ་འདབ་ བརྒྱད་ལ་ལྷ་མོ་བརྒྱད་ཀྱི་ས་བོན་འགོད་པ་ལས། ཤར་དུ་ཏཾ་འགོད་པར་གསུངས་པ་དང། ཤར་བལྟས་ཤེས་རབ་གདོང་པ་བྱ། །ཞེས་བཟང་པོ་ཡོངས་བཟུང་སོགས་ལས་དྲིལ་བུའི་ཞལ་ དུ་བལྟ་བར་གསུངས་པ་གཉིས་གུང་བསྒྲིགས་པ་ཡིན། [367A]༄༅། །པར་བྱེད་ ངེས་དོན་གྱི་སྒྲ་ཞིང་ཐམས་ཅད་དུ་བཀང་བའི་སྒོ་ནས་ རྡོ་རྗེ་མཁའ་འགྲོ་ལས། །དབུས་ཀྱི་ཁོག་པ་ ཟབ་པ་དང། །ཐམས་ཅད་དག་བྱེད་བཅུད་ཀྱིས་གནས། །ཞེས་ལྟར་དྲིལ་བུའི་ནང་གི་སྟོང་ཆས། གང་ཡིན་པ་ཅེས་པའོ། །ཡང་ན། དངོས་པོ་སེམས་ཀྱི་ དྲི་མ་ཀུན་གྱི་ངོ་བོ་མ་ལུས་པ་བདེན་པས་སྟོང་བའི་ཕྱིར། སེམས་ཀྱི་གཤིས་ལ་མ་ཞུགས་པས་གློ་བུར་བའི་དྲི་མ་དེ་དག་དང་འབྲལ་རུང་གི་སེམས་ཀྱི་ངོ་བོ་བཅོམ་ལྡན་འདས་སུ་འགྱུར་བའི་ རང་བཞིན་གང་ཡིན་པ་དེ་ནི་ཉོན་མོངས་པའི་དགྲ་ལས་རྒྱལ་བར་གྱུར་ཅིག་ཅེས་བཤད་ཀྱང་རུང། དེ་ལྟར་དྲིལ་བུའི་དག་པ་ལ། ཡུལ་སྟོང་ཉིད་རྣམ་དག་དེ་བརྗོད་པ་སྒྲའི་རྣམ་དག་ དེ་རྟོགས་པའི་ཡེ་ཤེས་ཤེར་ཕྱིན་རྣམ་དག་གསུམ་རྣལ་འབྱོར་རོལ་པའི་དགའ་སྟོན་དུ་གསུངས། ཀུན་རྫོབ་པའི་ཆོས་རྣམས་སྣང་ཡང་བདེན་པས་སྟོང་བ་ [367B] ཙམ་ཡིན་པས་ བྷ་བ་བྷ་དྲས། མི་རྟག་པའི་དཔེར་གསུངས་པ་ནི་མྱུར་དུ་འཇིག་པ། ཕྲ་རགས་ཀྱི་མི་རྟག་པ་གཉིས་གོ་སླ་ལ། འདིར་བདེན་པར་མེད་ ལུགས་ལ་སྦྱོར་བ་སྐབས་སུ་བབས་པས། ལྦུ་བ་ལ་སྙིང་པོ་ཡོད་པ་ལྟར་སྣང་ཡང། དེ་མེད་པ་ལྟར་མ་བརྟགས་པའི་ཚེ་ཡོད་པ་འདྲ་ཡང་དཔྱད་ཚེ་བདེན་གྲུབ་ཀྱི་དམིགས་གཏད་བྱ་ས་མེད་ པ་དང། ཐ་སྙད་བཏགས་དོན་རྙེད་རྒྱུ་མེད་པ་གང་རུང་ལ་སྦྱོར། བདེན་སྟོང་གཅིག་ཀྱང་ཆོས་ཅན་མི་འདྲ་བ་སྣ་ཚོགས་སུ་སྣང་བ་ ཀྱི་ཐབས་མཁས་ལས་ །ཞེས་པའོ། །ཡིག་བརྒྱ་ནས། ཉེ་བར་མཛོད། བར་རྗེས་ཟློས་བྱ་ རུ་གཞུག་སློབ་དཔོན་གྱིས། སྔགས་བརྗོད། གོང་གི་བཛྲ་གྷཎྜ་ནི་རྡོ་རྗེ་དྲིལ་བུ། ཆོས་ཐམས་ཅད་སྟོང་པ་གཅིག་ཏུ་དྲིལ་བའི་དོན། དཔེར་ན། བྱ་བ་ཆིག་དྲིལ་ཞེས་པ་ལྟར་དང་ [368A]༄༅། །ཨཿ་ནི་དགག་ཚིག་སྟེ། མེད་དགག་བདག་གིས་བཅོམ་ལྡན་ཏེ་བདེ་སྟོང་གི་ཡེ་ཤེས་བཟུང་བ་སྟེ་རྒྱུད་ལ་བརྟེན་པར་བྱ་ཡི། རྡོར་སེམས་སོགས་བཅོམ་ལྡན་རྣམས་བདག་ལ་ ཉེ་བར་གནས་པར་མཛོད། ཡང་ན། རྡོར་སེམས་སོགས་ཀྱི་ཐུགས་རྒྱུད་བདེ་བས་མཉེས་པ་སྟེ། སེམས་ཅན་དོན་ལ་སད་པར་བྱས་ནས་བདག་སོགས་ལ་གནས་པར་མཛོད་ཅིག་ཅེས་ རྡོར་དྲིལ་བྱིན་རླབས་སྐབས་རྡོར་སེམས་སོགས་མཉེས་པར་བྱའོ། །ཞེས་པ་དང་དོན་མཚུངས་པར་བྱས་ཀྱང་ལེགས་སྙམ། འདི་དག་ལ་དམིགས་པ། ཕྲག་དོག་དག་བྱ་གྲུབ་ཡེ་ཤེས་ ཐོབ་པར་མོས། འབྲས་སྐྱབས་ཀྱི་གསུང་འགྲུབ་པའི་ནུས་པ་དང། དོན་གྲུབ་ཀྱི་བསྒོམ་བཟླས་དང་དངོས་གྲུབ་སྒྲུབ་པ་ལ་དབང་བར་བྱས། མཐའ་རྟེན་དག་པ། བྱ་གྲུབ་ཡེ་ཤེས་ནི་ འཇིག་རྟེན་དུ་སྤྲུལ་པ་སྣ་ཚོགས་པའི་སྒོ་ནས་སེམས་ཅན་གྱི་དོན་སྒྲུབ་པའི་ནང་གི་བདག་རྐྱེན་ཡེ་ཤེས་ཤིག་སྟེ། རྒྱན་ལས། བྱ་བ་སྒྲུབ་པའི་ཡེ་ཤེས་ནི། །ཁམས་རྣམས་ཀུན་དུ་སྣ་ ཚོགས་ཤིང། །དཔག་མེད་བསམ་ཡས་སྤྲུལ་པ་ཡིས། །སེམས་ཅན་དོན་ཀུན་སྒྲུབ་པའོ། །ཞེས་དང། སྙེ་མ་བཞི་པར་ཡང། སེམས་ཅན་གྱི་དོན་མཛད་པའི་ཡེ་ཤེས་ལ་བཤད་ [368B] མེ་ལོང་གི་དབང་གི་སྔོན་དུ་མིག་འབྱེད་པ་སྔོན་དུ་འགྲོ་དགོས་པ་ནི། མིག་སྨན་གྱི་ཆོ་གས་སྟོང་ཉིད་རྟོགས་པའི་ཤེས་ རབ་བསྐྱེད་པའི་ནུས་པ་འཇོག་མེ་ལོང་དབང་གིས་ཆོས་རྣམས་གཟུགས་བརྙན་ལྟར་མཐོང་བའི་ནུས་པ་འཇོག་ལ། གཟུགས་བརྙན་ལྟར་མཐོང་བ་ལ་སྟོང་ཉིད་རྟོགས་པ་སྔོན་དུ་འགྲོ་དགོས་ པའི་གནད་ཀྱིས་གོ་རིམ་དེ་ལྟར་བྱ། དམིགས་པ། སློབ་མའི་མིག་གཉིས་སྟེང་དུ་པྲཾ་ནག་པོ་རེ་རེ། དེ་ལས་འོད་འཕྲོས་པས་རང་གི་སྡིག་སྒྲིབ་ཐམས་ཅད་བསྡུས་ནས་དེ་ལ་ཐིམ། དེ་ཉིད་ སྡིག་སྒྲིབ་འདུས་པའི་ངོ་བོ་གྱུར་པ་ལ། བླ་མས་ཐུར་མའི་རྩེ་མོས་མིག་སྨན་བྱུགས་ཏེ་པྲཾ་ཡིག་བླངས་པས་སྒྲིབ་གཡོག་དང་བྲལ་ནས། འབྲས་དུས་ཀྱི་ཤེས་རབ་ཀྱི་མིག་ཁྱད་པར་ཅན་སྐྱེས་ བྱུང་སྙམ་དུ་མོས། ཐུར་མ་པྲ་ལས་བསྐྱེད་པའི་ལུགས་ཡོད་པར་སྔགས་རིམ་ལས་གསུངས་ཀྱང་དེང་དུས་མཛད་སྲོལ་མེད། ལིང་ཏོག་སྨན་གྱིས་སྨིན་པ་ལྟར། པྲཾ་ཡིག་ཤིན་ཏུ་ནག་ ཅིང་རྡོལ་ལ་ཁད་པ་ལྟ་བུར་གྱུར་པ་དེ། ཐུར་མའི་རྩེ་མོས་སེལ་བའི་མོས་པ་བྱེད་ཅེས་གསུང་རྒྱུན་ལས་འབྱུང། སྔགས་དོན། རྡོ་རྗེའི་མིག་གི་སྒྲིབ་གཡོགས་སོལ་ཞིག་ཅེས་དང་ [369A]༄༅། །ཧྲིཿ་ཤེར་ཕྱིན་པདྨའི་རིགས་ཀྱི་ས་བོན་ཡིན་པས་སྟོང་ཉིད་རྟོགས་པའི་ཤེས་རབ་བསྐྱེད་པ་མཚོན་པའི་དོན་ཡིན་ལ། གཞན་ཡང་མན་སྙེ་ལ། ཧྲིཿ་ནི་གསལ་བར་གྱིས་ཤིག་ པ་སྟེ་ཉེ་བ་མ་ཡིན་པ་ཉེ་བར་གྱུར་པ་གསལ་པོ་གྱིས་ཤིག་པའོ། །ཞེས་སྐབས་གཞན་དུ་གསུངས་པ་ལྟར་ཡང་ཤེས་པར་བྱ། ཚིགས་བཅད་ནི། ། ཐུར་མ་དང་སྨན་གྱི་མཐུས་ ྾ འདི་འགྱུར་མི་འདྲ་ཙམ་ཞིག་རྣམ་སྣང་མངོན་བྱང་དུ་ཡོད། ༈ ཡི་གེ་ཨཿ་ས་བསྔགས་པའི་མེ་ལོང་གི་ངོས་སུ་རྡོ་རྗེའི་ གཟུགས་བརྙན་ཤར་བཅུག་པ་སློབ་མའི་མིག་ཏུ་བསྟན་ནས། ཆོས་རྣམས་གཟུགས་བརྙན་ ྾ སོགས་བརྗོད། རྣམ་སྣང་མངོན་བྱང། ཉི་ཤུ་པ། ཟུང་གསལ་བཅས་འདིའི་ཤླཽ་ཀ་གཉིས་ པ་མེད། ཕྲེང་བར་གསུམ་ག་ཡོད། དབང་དོན། རིན་ཕྲེང། སྔགས་རིམ། མེ་ལོང་ཨཿ་ས་བསྔགས་པ་ལས། མེ་ལོང་ཨཿ་ལས་བསྐྱེད་པ་མི་གསལ། མཁས་གྲུབ་ཀྱེ་རྡོར་ དཀྱིལ་ཆོག་དང། ངག་འདོན་ལྷན་ཐབས་སུ་ཨཿ་ལས་བསྐྱེད་པ་དང། རྒྱལ་ཚབ་རྗེས་མེ་ལོང་སྔ་མ་ཨཿ་ས་བསྔགས། ཕྱི་མ་ཨཿ་ལས་བསྐྱེད་པར་གསུངས། རྡོ་རྗེའི་གཟུགས་ [369B] འདིར་ཤིནྟི་པས། བཞི་བརྒྱ་ལྔ་བཅུ་པའི་འགྲེལ་པར། དག་པ་ནི་ཉོན་སྒྲིབ། གསལ་བ་ཤེས་སྒྲིབ། རྙོག་མེད་སྙོམ་འཇུག་སྒྲིབ་པས་དག་པ་ལ་སྦྱར། གནས་ལུགས་དེ་སྨྲ་བསམ་བརྗོད་ མེད་ཤེས་རབ་ཕ་རོལ་ཕྱིན་ ྾ ལྟར། འཕགས་པས་གཟིགས་པ་ལྟར་སོ་སྐྱེའི་རྟོགས་པས་ བུ་རམ་གྱི་རོ་ མྱོང་བ་ལྟར་བརྗོད་མི་ནུས་པ་བཞིན། དེ་འདྲའི་སྟོང་ཉིད་ལ་དམིགས་ནས་མཐར་ཐུག་གི་འབྲས་བུ་ཐོབ་པས་ ནས་འབྲས་བུ་རྡོ་རྗེ་སེམས་དཔའི་གོ་འཕང་ ཤླཽཀ་འདིས། རང་བཞིན་རྣམ་དག་བསྟན། ཤླཽ་ཀ་གཉིས་པས་གློ་བུར་རྣམ་དག་བསྟན་ཏེ། ངེས་དོན་གྱི་ རྗེ་སེམས་དཔའ་ཡེ་ཤེས་དེ། བཞིན་ལག་ཏུ་ཤར་བའི་སྐུ་དེ་ ཡང་ན། ངེས་དོན་རྡོར་སེམས་ཡེ་ [370A]༄༅། །ཤེས་དེ། མེ་ལོང་དྲི་མེད་དེ་རང་བཞིན་དག་པ་ལ་གློ་བུར་གྱི་གཡའ་སོགས་ཕྱིས་པས་དག་པ་བཞིན། ཤེས་སྒྲིབ་བྲལ་བས་དེ་གཉིས་ཀྱི་བག་ཆགས་བྲལ་བས་ ནི་སྙིང་ལ་ཞུགས། ་ད་ལྟ་དེའི་བྱིན་རླབས་སྙིང་ལ་ཞུགས་ནས་བྱིན་གྱིས་རློབས་པ་དང། ་སླར་འབྲས་སྐྱབས་རྡོར་སེམས་ཐོབ་ནུས་སུ་བྱས་པས། ཞུགས་ པ་དང་འདྲ་བའི་དོན་དང། ་དེ་ལྟ་བུ་ཐོབ་པའི་ནུས་པ་སེམས་ལ་བཞག་པས་ཞུགས་པ་སྟེ་ཚུལ་གསུམ་ཡོད། འདིར་ཤེས་སྒྲིབ་དང། དེའི་བག་ཆགས་སོ་སོར་ཕྱེ་བ་ལ། སེམས་ཙམ་ པ་དང་རང་རྒྱུད་པས། ཆོས་ཀྱི་བདག་འཛིན་ཤེས་སྒྲིབ་མངོན་གྱུར་བ་ཡིན་པས་སོ་སོར་ངོས་འཛིན་སླ་ལ། ཐལ་འགྱུར་བས། ཆོས་ཀྱི་བདག་འཛིན་ཉོན་སྒྲིབ། དེའི་བག་ཆགས་སྨིན་ པའི་གཉིས་སྣང་འཁྲུལ་པའི་ཆ་ཤེས་སྒྲིབ་མངོན་གྱུར་བ་དང། དེ་སྐྱེད་བྱེད་སེམས་རྒྱུད་ལ་ཡོད་པའི་ནུས་པ་ཤེས་སྒྲིབ་ཀྱི་བག་ཆགས་སུ་འཇོག་དགོས། ཤླཽ་ཀ་གསུམ་པ། ཆོས་རྣམས་ [370B] །ཞེས་པ་དང་ ཡང་ན་རྐང་པ་ཐ་མའི་དོན་སྲས་སུ་སྐྱེ་བའི་དོན་པོ་ནི་དེ་ཡིན་ནོ། །ཞེས་བཤད་པའང་ཡོད། ཚིག་ལྷུག་གོ་སླ། མེ་ལོང་བསྟན་པས། རྗེས་ཐོབ་ཏུ་བདེན་སྟོང་སྒྱུ་མ་ལྟ་བུར་འཆར་བའི་ བག་ཆགས་དང། དེར་ཤར་བའི་རྡོར་སེམས་ཀྱི་སྐུ་དང་འདྲ་བར། གདོས་བཅས་མིན་པའི་ཡེ་ཤེས་ཀྱི་སྐུ་ཅན་རྡོར་སེམས་རང་གི་སྙིང་དབུས་ལས་དངོས་སུ་འགྲུབ་པའི་ནུས་པ་བཞག་ ཕྱི་མ་ནི་དབང་དོན་གྱི་དགོངས་པར་བྱས་ན་ལེགས། སྐྱིད་ཤོད་དབང་ཊིཀ་ཆོས་ཐམས་ཅད་གཟུགས་བརྙན་ལྟར་མཐོང་བ་དང། རྡོར་སེམས་བྱིན་རླབས་སྙིང་ལ་ཞུགས་པའི་མོས་ པ་བྱ། དེ་ཉིད་མེ་ལོང་དབང་གི་ངོ་བོར་བཤད་དོ། །སློབ་དཔོན་ཀུན་སྙིང། དྭ་རི་ཀ་པ། ཤནྟི་པ་རྣམས་ཀྱིས་ཚིགས་བཅད་དང་པོ་སོགས་ཀྱིས་མེ་ལོང་དབང་རྗེས། དྲིལ་བུ་དང་ [371A]༄༅། །མདའ་གཞུ་བྱིན་ནས། ཚིགས་བཅད་གཉིས་པས་སླར་ཡང་མེ་ལོང་སྟོན་པ་གཉིས་པ་མཛད། དེའི་ཕྱག་ལེན་རྡོར་དབྱིངས་འཁོར་བསྒྱུར་ཟིན་བྲིས་ལས། མེ་ལོང་སྔ་མ་ ་བ་རེག་པ་རེ་བྱས་ནས་བལྟ་བ་དང། ཕྱི་མའི་ཚེ་རྡོ་རྗེ་མེ་ལོང་སྟེང་དུ་བསླངས་ནས་སྟོན་པར་གསུངས། སྟོན་ཐེངས་གཉིས་མཛད་པ་ནི། སྔ་མ་ཆོས་ཐམས་ཅད་གཟུགས་ བརྙན་ལྟ་བུར་རྟོགས་པའི་ནུས་པ་འཇོག་ཕྱི་མ་སྙིང་ལ་འཇུག་པའི་རྡོར་སེམས་ཀྱི་ངང་ཚུལ་ཤེས་པ་དང། དེའི་བྱིན་རླབས་ཞུགས་པའི་ཆེད་ཡིན། ཕྲེང་བར་ཚིགས་བཅད་རྣམས་སྦྲེལ་ ནས་ལན་ཅིག་ལས་མི་སྟོན་ཡང། ནུས་པ་འཇོག་ལུགས་གཉིས་ཀ་བྱེད། ནག་པོའི་དཀྱིལ་ཆོག་ཏུ། དྲིལ་བུའི་དབང་གི་རྗེས་མེ་ལོང་ལ། ཨོཾ་བཛྲས་ཏཱ། ཞེས་བཟླས་ལ། ཚིགས་ བཅད་འདིས་བསྟན་ཏེ། རྡོ་རྗེ་སེམས་དཔའ་མེ་ལོང་ལྟར། ཞེས་སོགས་རྐང་པ་བཞིའི་རྗེས། དེ་བཞིན་གཤེགས་པ་ཀུན་བདག་གང། །བྱང་ཆུབ་སེམས་འདིས་ཤེས་པར་གྱིས། །རྡོ་ རྗེ་སེམས་དཔའི་རང་བཞིན་གྱི་མེ་ལོང་གི་དབང་ངོ། །རྡོ་རྗེ་སློབ་དཔོན་གྱི་དབང་གི་རྗེས་སུའང་མེ་ལོང་ལན་གཉིས་སྟོན་ཚུལ་ཤིནྟི་པ་སོགས་དང་འདྲ། རྒྱལ་ཚབ་རྗེས་འཇམ་རྡོར་ [371B] མེ་ལོང་སྔ་མ་སྟོན་ཚུལ་ཚིགས་བཅད་གསུམ་བཅས་དབང་དོན་ལྟར་དང། ཕྱི་མ་ཨཿ་ལས་སྐྱེས་པའི་མེ་ལོང། བཛྲ་སཏཱ། ཞེས་པས་བྱིན། རྡོ་རྗེ་སེམས་དཔའ་ མེ་ལོང་བཞིན། །ཞེས་པ་ནས་རྐང་པ་བཞི་བརྗོད། མེ་ལོང་དང་གཟུགས་བརྙན་ཐ་མི་དད་པ་བཞིན། རྡོར་སེམས་རང་གི་སེམས་དང་ཐ་མི་དད་དུ་ཤེས་པར་གྱིས། ཞེས་བརྗོད། ། མིང་གི་དབང། ཟུང་གསལ་ལས། ཕྲེང་བར་མིང་མང་དུ་གསུངས། བཞི་བརྒྱ་ལྔ་བཅུ་པར། མཚན་གྱི་ཐོག་མར་དཔལ་གྱི་སྒྲ། །ཀུན་ལའང་བདག་པོ་ཐམས་ཅད་ལས། །ཀྱེ་དག་ རྡོ་རྗེ་ཐ་མར་སྦྱར། །ཞེས་གསུངས། དྭ་རི་ཀ་པས། དཔལ་དང་རྡོ་རྗེའི་སྒྲ་ལྡན་པར། །སློབ་དཔོན་གྱིས་ནི་ལན་གསུམ་འབོད། །ཅེས་བཏགས་པའི་མིང་ནས་ལན་གསུམ་འབོད་པར་ གསུངས་པ་གཞན་ཕལ་མོ་ཆེར་མི་འབྱུང་ངོ། །འདིའི་སྔགས་ལ་ཥེ་ཀ་ཏ། ཞེས་པ་ཡན་ཆད་གུར་གྱི་བཞི་པ་ལས་བྱུང། སིདྷི་ས་མ་ཡ་མན་ཆད་གུར་དང་དཔལ་མཆོག་སོགས་ལས་ ལུང་བསྟན་སྐབས་གསུངས། ཕྲེང་བ་སོགས་ལས་ཀྱང་དེ་བཞིན་མཛད་ནས། མིང་དབང་སྐབས་སྔགས་སྔ་མ་ཙམ་ལས་མི་འབྱུང། སྔགས་དོན། བུ་སྟོན་གྱིས། རྡོ་རྗེ་སེམས་དཔའ་ [372A]༄༅། །ཁྱོད་ལ་དབང་བསྐུར་བར་བགྱིའོ། །དབང་གང་བསྐུར་ན། རྡོ་རྗེ་མིང་གི་དབང་བསྐུར་བ་ཉིད་དོ། །ཞེས་པ་ལྟར་ཏེ། ན་མ་མིང་དང། ཞེས་བྱ་བ་གཉིས་ཀ་ལ་འཇུག་གོ་ སྔགས་ཕྱི་མའི་དོན། སྔགས་རིམ་ཆེན་མོར་ལུང་སྟོན་སྐབས་གསུངས་པ་ལྟར། སིདྷི་གྲུབ་པ། ས་མ་ཡ། ཞྭ་ལུ་ལོ་ཆེན་གྱིས་ཉེ་བསྒྱུར་འགྲེལ་པར། དམ་ཚིག་དང། དུས་དང་ བརྡ་དང། རྟོགས་པ། གཞུང་ལུགས། མནའ། འདུས་པ། གྲུབ་མཐའ་སོགས་དོན་མང་པོར་འཇུག་པར་གསུངས་པ་བཞིན། འདིར་རྟོགས་པ་ཡིན། སུས་རྟོགས་ན་ཏྭཾ་སྟེ་ཁྱོད་ གང་རྟོགས་ན། བཧུར་རླུང་དཀྱིལ་ཏེ་དེ་སོགས་ས་འོག་བཧུ་བ་ས་སྟེང། སྭཿ་མཐོ་རིས་སྲིད་རྩེ་བར་གྱི་ཁམས་གསུམ་གྱི་དེ་ཉིད། ཨཿ་དགག་ཚིག་གིས་མཚོན་པ་དེ་རྟོགས་ནུས་པ་ ཡིན་ནོ། །ཞེས་པ་སྟེ་གོ་བདེ་བར་བརྗོད་ན། ཁྱོད་ཀྱི་ཁམས་གསུམ་གྱི་ཆོས་ཉིད་དེ། ས་རབ་དགའ་སོགས་ཀྱི་རིམ་པས་རྟོགས་ནུས་པ་ན། དེ་བཞིན་གཤེགས་པ་འདི་ཞེས་བྱ་བར་ གྲུབ་པར་འགྱུར་རོ། །དམིགས་པ་ནམ་མཁའི་རྒྱལ་བ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་བླ་མ་ལྷན་དུ་མིང་གི་དབང་བསྐུར་བའི་མཐུས་བདེ་སྟོང་སྐྱེས། ཁྱད་པར་གཏི་མུག་དང། མ་ [372B] རྣམ་སྣང་རིགས་བསྒོམ་བཟླས་དང་དངོས་གྲུབ་བསྒྲུབ་པར་དབང། མ་འོངས་པ་ན་དེའི་མཚན་འགྲུབ་པའི་ནུས་པར་ བཞག་པར་མོས། འདིར་རྡོར་དྲིལ་མཉམ་དུ་སློབ་མའི་མགོར་འཛིན་པ་ཕྲེང་བའི་དགོངས་པ་དང། དཀྱིལ་ཆོག་རིན་ཆེན་བང་མཛོད། རྡོར་དྲིལ་འཛིན་པའི་ལག་པ་གཉིས་སློབ་མའི་ སྤྱི་བོར་བཞག་ནས་མིང་གདགས་པར་གསུངས་པ། བཤད་རྒྱུད་རྡོར་ཕྲེང་དང། དྲིལ་བུའི་དགོངས་པ་ཡིན། ངག་གྲགས་པས་འདུས་པའི་དཀྱིལ་ཆོག་ཏུ། རྡོར་དྲིལ་སློབ་མའི་ལྟེ་ བར་བཟུང་བར་གསུངས། མེ་ལོང་ཡེ་ཤེས་ནི། སྙེ་མ་བཞི་པ་ལས། སྣོད་བཅུད་ཀྱིས་མཚོན་པའི་དུས་གསུམ་ཤེས་བྱ་ཐམས་ཅད་རང་རང་གི་གནས་སྐབས་ཇི་ལྟ་བ་བཞིན་མ་འདྲེས་ པར་གཟིགས་པའི་ཡེ་ཤེས་ལ་གསུངས། མདོ་སྡེ་རྒྱན་ལས། མེ་ལོང་ཡེ་ཤེས་ང་ཡི་མེད། །ཡོངས་སུ་མ་ཆད་རྟག་པར་ལྡན། །ཤེས་བྱ་ཀུན་ལ་མ་རྨོངས་པ། །རྟག་ཏུ་དེ་ལ་མངོན་ ཕྱོགས་ཡིན། །ཞེས་ང་དང་ང་ཡིར་འཛིན་པ་སོགས་མེད་པ། ཤར་སོགས་ཡུལ་རིས་སུ་མ་ཆད། དུས་རྟག་ཏུ་ལྡན། ཤེས་བྱར་མ་རྨོངས། རྣམ་པས་བར་མ་ཆོད་པར་ཡུལ་མཁྱེན་པའམ་ [373A]༄༅། །འཛིན་སྟངས་ཀྱི་རྣམ་པ་རིས་སུ་མ་ཆད་པ་སྟེ། རྒྱུན། ཡུལ། དུས། དམིགས་པ། རྣམ་པ་རིས་སུ་མ་ཆད་པའི་ཁྱད་ཆོས་ལྔ་ལྡན། སློབ་ལམ་ཐོས་པའི་ཆོས་མི་བརྗེད་ པར་གཟུང་བའི་རྒྱུ་ལས་འབྱུང་བ་དང། ཡེ་ཤེས་ཀྱི་གཟུགས་བརྙན་འབྱུང་བས། མེ་ལོང་ཡེ་ཤེས་ཞེས་བྱ་བར་དེ་ཉིད་ལས་གསུངས་སོ།། །།ཅེས་དགའ་ལྡན་ཤར་རྩེ་ཛེ་སྨད་སྤྲུལ་མིང་པ་བློ་བཟང་ དཔལ་ལྡན་བསྟན་འཛིན་ཡར་རྒྱས་སམ་མིང་གཞན་བློ་གཏེར་དགྱེས་པའི་ལང་ཚོས་ཕྱོགས་བསྒྲིགས་བགྱིས་པའི་རྣམ་དཀར་གྱི་ཟླ་འོད་འགྲོ་ཀུན་གདུང་བ་སེལ་བའི་དཔྱིད་དུ་ཤིས་པར་གྱུར་ཅིག།། །། [373B][BLANK PAGE]